Homeདཔལ་འབྱོར།འཕྲུལ་རིགངོ་དེབ་སོགས་ལ་རྒྱ་ནག་ནས་ཐོབ་པའི་ཡོང་སྒོ

ངོ་དེབ་སོགས་ལ་རྒྱ་ནག་ནས་ཐོབ་པའི་ཡོང་སྒོ

Date:

ངོ་དེབ་དང་ཨིན་སི་ཀྲ་གྷ་རམ། ཝ་ཚི་ཨབ་བཅས་ཀྱི་ཁེ་གཉེར་ཨ་མ་མེ་ཀྲ་(Meta)ལ། ཉེན་ཆས་འདི་དག་གི་སྟེང་སྤེལ་བའི་ཁྱབ་བསྒྲགས་ལས་ཐོབ་པའི་ཡོང་སྒོའི་བརྒྱ་ཆ་ངེས་ཅན་ཞིག་རྒྱ་ནག་ནས་ཡོང་བཞིན་པ་བཤད།

རོའུ་ཀྲར་གསར་ཤོག་སྟེང་ཞིབ་འཇུག་སྙན་ཐོ་ཞིག་བཀོད་པ་ལྟར་ན། ངོ་དེབ་དང་ཨིན་སི་ཀྲ་གྷ་རམ། ཝ་ཚི་ཨབ་བཅས་ཀྱི་ཁེ་གཉེར་ཨ་མ་མེ་ཀྲ་(Meta)ལ། ཉེན་ཆས་འདི་དག་གི་སྟེང་སྤེལ་བའི་ཁྱབ་བསྒྲགས་ལས་ཐོབ་པའི་ཡོང་སྒོའི་བརྒྱ་ཆ་ངེས་ཅན་ཞིག་རྒྱ་ནག་ནས་ཡོང་བཞིན་པ་བཤད། ཡ་མཚན་གྱི་གནད་དོན་དངོས་ནི་རྒྱ་ནག་གཞུང་གིས་ཉེན་ཆས་འདི་དག་རང་གི་རྒྱལ་ནང་དུ་བཀག་ཟིན་པ་མ་ཟད། མི་སེར་ཚོར་བེད་སྤྱོད་བྱེད་མི་ཆོག་པ་བཟོས་པ་དང་ལྷན། རྒྱ་ནག་གི་ཁེ་གཉེར་ཚོས་ཉེན་ཆས་འདི་དག་གི་སྟེང་ཚོང་ལས་ཁྱབ་བསྒྲགས་སྤེལ་ཆོག་པ་དང་། གཞུང་འབྲེལ་ལས་བྱེད་དང་གཞུང་འབྲེལ་གསར་ཁང་དག་གིས་ཆབ་སྲིད་ཁྱབ་བསྒྲགས་ཀྱི་བེད་སྤྱོད་ཤུགས་ཆེན་བྱེད་བཞིན་པ་དེ་གྱུར།

ཞིབ་འཇུག་སྙན་ཐོ་འདིའི་ནང་བཀོད་པ་ལྟར་ན། ཕྱི་ལོ་ 2024 ལོར་མེ་ཀྲ་ཡི་ཉེན་ཆས་དག་(ངོ་དེབ་སོགས།)གི་སྤེལ་བའི་ཁྱབ་བསྒྲགས་ལས། མེ་ཀྲ་ཁེ་གཉེར་ལ་ཐོབ་པའི་ཡོང་སྒོའི་བརྒྱ་ཆ་ 10% ལས་མང་བ་རྒྱ་ནག་ནས་བྱུང་ཡོད་པ་དང་། འདི་ནི་ཨ་སྒོར་ཐེར་འབུམ་ $18 ལས་བརྒལ་ཡོད་པ་བཤད། ཡིན་ན་ཡང་། རྒྱ་ནག་ནས་ཐོབ་པའི་ཡོང་སྒོ་འདིའི་བརྒྱ་ཆ་ 19% ཡས་མས་སམ། ཨ་སྒོར་ཐེར་འབུམ་ $3 ཡས་མས་ཤིག་ཁྲིམས་འགལ་གྱི་སྦྱོར་བ་སྤེལ་དུ་བཅུག་པ་ལས་བྱུང་ཡོད་པ་བཤད། ཁྲིམས་འགལ་གྱི་ལས་འགུལ་དེ་དག་གི་ཁྲོད་དྲྭ་ཐོག་ཏུ་རྒྱན་འཛུགས་དང་དྲྭ་ལམ་མགོ་སྐོར། ཐོན་རྫས་རྫུན་མ་འཚོང་བ། འཁྲིག་སྤྱོད་དང་འབྲེལ་བའི་བརྙན་པར་སོགས་འགྲེམས་སྤེལ་བྱས་པ་ལས་བྱུང་ཡོད་པ་བསྒྲགས།

ཡིན་ན་ཡང་། མགོ་སྐོར་འོག་ཚུད་པ་དང་ཐོན་རྫས་རྫུན་མ་འཚོང་ཡུལ་སོགས་གནོད་འཚེ་འཕོག་མཁན་དག་ནི། རྒྱ་ནག་ཏུ་མེད་པར་ཐེ་ཝན་དང་ཨ་རི། ཁེ་ན་ཀྲ་སོགས་སུ་ཡོད་པ་དང་། མི་མང་པོའི་མ་རྐང་དང་དངུལ་སྒོར་ཕོན་ཆེན་ཤོར་ཟིན་པ་བཤད། དོན་དངོས་སུ་མེ་ཀྲ་ཁེ་གཉེར་གྱི་ལས་བྱེད་ཚོས། ཁོ་ཚོའི་ཉེན་ཆས་སྟེང་རྒྱ་ནག་ཏུ་ཡོད་པའི་མི་མང་པོས་ཁྲིམས་འགལ་གྱི་སྦྱོར་འདི་དག་རྩོམ་བཞིན་པ་ཤེས་ཡོད་པ་དང་། དེ་མ་ཟད་མེ་ཀྲ་ནང་ཁུལ་གྱི་ལས་བྱེད་ཚོས་ལོ་སྔོན་མའི་ཕྱི་ཟླ་ 4 ནང་ཁེ་གཉེར་འདིའི་ཆེས་མཐོའི་མི་སྣ་དག་ལ་ཉེན་བརྡ་བཏང་ཟིན་པ་གསལ།

ཉེན་ཆས་འདི་དག་གི་སྟེང་སྤེལ་བའི་ཁྲིམས་འགལ་གྱི་སྦྱོར་བ་དག་གི་བརྒྱ་ཆ་ 25% རྒྱ་ནག་ནས་ཡོང་བཞིན་པ། མེ་ཀྲ་ཁེ་གཉེར་གྱིས་ཡིད་ཆེས་བྱེད་བཞིན་པ་གསལ། འོ་ན་ཁོ་ཚོས་ཤེས་བཞིན་དུ་ཁྲིམས་འགལ་གྱི་སྦྱོར་བ་འདི་དག་ཅིའི་ཕྱིར་མ་བཀག་པ་ཡིན་ནམ་ཞེས་ན། དེ་ནི་འདི་དག་ལས་ཁོ་ཚོར་ཚོང་གི་ཁེ་བག་ཆེན་པོ་ཐོབ་བཞིན་པས་ཡིན་པ་གསལ། གནས་ཚུལ་འདི་མངོན་གསལ་ཆགས་བཞིན་པ་དང་ལྷན། ད་ལྟ་གཞི་ནས་མེ་ཀྲ་ཁེ་གཉེར་གྱིས། ཁོ་ཚོའི་ཉེན་ཆས་དག་གི་སྟེང་སྤེལ་བའི་ཁྲིམས་འགལ་གྱི་སྦྱོར་བ་དག་ཚོད་འཛིན་ཆེད། ཆེད་ལས་སྡེ་ཚན་ཞིག་བཙུགས་ཟིན་པ་གསལ། དོན་དངོས་སུ་ཉེས་ཞིབ་སྡེ་ཚན་འདི་བཙུགས་རྗེས། རྒྱ་ནག་ནས་ཐོབ་པའི་ཁྲིམས་འགལ་ཡོང་སྒོ་བརྒྱ་ཆ་ $19 དེ་བརྒྱ་ཆ་ $9 ལ་མར་ཟག་ཟིན་པ་བཤད།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག