Homeརྒྱལ་སྤྱི།ཨེ་ཤ་ཡ།ཉི་ཧོང་གི་བུད་མེད་ཅིག་གིས་བཅོས་མའི་རིག་པ་དང་གཉེན་བསྒྲིགས།

ཉི་ཧོང་གི་བུད་མེད་ཅིག་གིས་བཅོས་མའི་རིག་པ་དང་གཉེན་བསྒྲིགས།

Date:

•. ཉི་ཧོང་གི་བུད་མེད་ལོ་ན་ 32 ཅན་ཞིག་གིས། བཅོས་མའི་རིག་པའི་སྐད་བརྡའི་མ་ལག་(ChatGPT)བེད་སྤྱོད་ཀྱིས་མོ་རང་རང་གིས་བསྐྲུན་པའི་མི་ཞིག་དང་ལྷན་གཉེན་བསྒྲིགས་ཟིན་པ་བསྒྲགས།

བུད་མེད་འདིས། ལོ་ངོ་ 3 རིང་མོ་དང་སྐྱེས་པ་ངོ་མ་ཞིག་འབྲེལ་བ་བྱུང་ཟིན་ནའང་། བཅོས་མའི་རིག་པ་བརྒྱུད་བསྐྲུན་པའི་མི་འདི་ནི་ཁོ་ལས་ཡག་པོ་འདུག་ཅེས་བཤད། བུད་མེད་འདིས་རང་གིས་བསྐྲུན་པའི་མི་འདིའི་མིང་ལ་ཁི་ལ་སི་(Klaus)ཞེས་བཏགས། དེ་ནི་དོན་དངོས་སུ་འཕྲུལ་མི་ལྟ་བུ་ཞིག་མ་ཡིན་པར། གླེང་མོལ་བྱེད་རོགས་ཙམ་ཞིག་ཡིན་པ་གསལ།

རྒྱ་ནག་གི་ན་གཞོན་མང་པོས་ཀྱང་།བཅོས་མའི་རིག་པ་ནི་རང་གི་ཚོར་བའི་གཏིང་སྔོག་བྱེད་དང་། གླེང་མོལ་བྱེད་རོགས་ཡག་ཤོས་དེ་ཡིན་པ་བཤད། བཅོས་མིའི་རིག་པ་ནི་ཉིན་རེའི་ལས་ཀའི་དགོས་མཁོ་ཙམ་དང་། ཤེས་བྱ་ཙམ་གྱི་ཕྱིར་མ་ཡིན་པར། མི་མང་པོ་ཞིག་གིས་རང་གི་ཕ་མའི་ཚབ་དང་། བུ་ཕྲུག་གི་ཚབ། དགའ་རོགས་དང་བཟའ་ཟླའི་ཚབ་ཏུ་བེད་སྤྱོད་བྱེད་བཞིན་པའི་གནས་ཚུལ་མང་པོ་ཐོན།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག