Homeརྒྱལ་སྤྱི།ཨེ་ཤ་ཡ།ཉི་ཧོང་གིས་ཉིང་རྡུལ་བསྐྱར་གསོ། 

ཉི་ཧོང་གིས་ཉིང་རྡུལ་བསྐྱར་གསོ། 

Date:

ཉི་ཧོང་གཞུང་གིས། ཉི་ཧོང་གི་ཉིང་རྡུལ་གློག་ཁང་ཆེ་ཤོས་ཁཱ་ཤེ་ཝ་ཛ་ཀེ་ ཁཱ་རེ་ཝ་(Kashiwazaki-Kariwa)ཞེས་པ་བསྐྱར་དུ་སྒོ་འབྱེད་རྒྱུ་ཡིན་པ་ཐག་བཅད།

ཉི་ཧོང་གཞུང་གིས། ཉི་ཧོང་གི་ཉིང་རྡུལ་གློག་ཁང་ཆེ་ཤོས་ཁཱ་ཤེ་ཝ་ཛ་ཀེ་ ཁཱ་རེ་ཝ་(Kashiwazaki-Kariwa)ཞེས་པ་བསྐྱར་དུ་སྒོ་འབྱེད་རྒྱུ་ཡིན་པ་ཐག་བཅད། འདི་ནི་ནུས་པ་དང་འབྲེལ་གཞུང་གི་འགྲོ་གྲོན་སྙུང་ཆེད་དང་། ནུས་པའི་ཐད་ནས་ཕྱི་རྒྱལ་ལ་བརྟེན་རྒྱུ་ཉུང་དུ་གཏོང་ཆེད་ཡིན་པ་བསྒྲགས།

ལོ་སྔོན་མ་གཅིག་བུར་ཉི་ཧོང་གིས་བཤེར་ཁུར་བསྒྱུར་ཟིན་པའི་རླངས་རྫས་(LNG)དང་རྡོ་སོལ་ནང་འདྲེན་ཆེད། ཨ་སྒོར་ཐེར་འབུམ་ $68 བཏང་ཟིན་པ་གསལ། དེར་བརྟེན་ཕྱི་ལོ་ 2040 བར་ཉི་ཧོང་གིས། རྒྱལ་ཁབ་ཀྱི་ཉིང་རྡུལ་ནུས་པ་བརྒྱ་ཆ་ 20% ཡར་སྤར་འཆར་ཡོད་པའི་གནས་ཚུལ་ཐོན།

ཕྱི་ལོ་ 2011 ལོར་ཉི་ཧོང་དུ་ས་ཡོམ་ཚད་རིམ་ 9.0 ཅན་ཞིག་བྱུང་རྐྱེན། རྒྱ་མཚོའི་རྦ་རླབས་འཕྱུར་ཅིང་ཧྥོ་ཀོ་ཤེ་མ་ཉིང་རྡུལ་གློག་ཁང་ལ་ཆག་སྒོ་ཆེན་པོ་ཞིག་བྱུང་། འདི་ནི་ཕྱི་ལོ་ 1986 ལོར་ཡུ་ཁུ་རན་དུ་བྱུང་བ། ཆེར་ནོ་བྷེལ་ཉིང་རྡུལ་ཆག་སྒོའི་(Chernobyl)རྗེས་སུ་བྱུང་བའི་ཉིང་རྡུལ་ཆག་སྒོ་ཆེ་ཤོས་སུ་གྱུར།

དུས་དེ་ནས་བཟུང་ཉི་ཧོང་གིས། ཉིང་རྡུལ་ཆག་སྒོ་གསར་བ་ཞིག་ལ་གཡོལ་ཆེད། ཁོ་ཚོའི་ཉིང་རྡུལ་གློག་ཚུགས་ 54 ཚང་མ་སྒོ་བརྒྱབས། ཐེངས་འདིར་སྒོ་འབྱེད་རྒྱུའི་གློག་ཁང་འདི་ནི་བསྐྱར་དུ་སྒོ་ཕྱེ་པ་ཐོག་མ་དེ་འགྱུར་རྒྱུ།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག