Homeརྒྱལ་སྤྱི།ཨེ་ཤ་ཡ།ཉི་ཧོང་ནས་དོམ་ཕྲ་གཉིས་རྒྱ་ནག་ལ་ཕྱིར་བསློགས།

ཉི་ཧོང་ནས་དོམ་ཕྲ་གཉིས་རྒྱ་ནག་ལ་ཕྱིར་བསློགས།

Date:

ཉི་ཧོང་གཞུང་གིས་རང་གི་ཉ་བ་ཚོར་མཚོ་ཐོག་ཏུ་རྒྱ་ནག་གི་གྲུ་གཟིངས་དག་དང་གདོང་ཐུག་རྒྱག་རྒྱུར་འཛེམས་དགོས་ཞེས་ཉེན་བརྡ་བཏང་ཡོད་པའི་གནས་ཚུལ་ཐོན། 

ཉེ་དུས་ཉི་ཧོང་གི་སྲིད་བློན་གྱིས། ཐེ་ཝན་མཚོ་འགག་ཏུ་དམག་འཁྲུག་བྱུང་ཚེ། ཉི་ཧོང་གི་དམག་དཔུང་ཡང་དེའི་ཁྲོད་ཚུད་སྲིད་པའི་སྔོན་བརྡ་བཏང་རྐྱེན། ཉི་ཧོང་དང་རྒྱ་ནག་བར་གྱི་ཕྱི་འབྲེལ་ཧ་ཅང་སྡུག་ཏུ་ཕྱིན་ཅིང་། ཉི་ཧོང་གཞུང་གིས་རང་གི་ཉ་བ་ཚོར་མཚོ་ཐོག་ཏུ་རྒྱ་ནག་གི་གྲུ་གཟིངས་དག་དང་གདོང་ཐུག་རྒྱག་རྒྱུར་འཛེམས་དགོས་ཞེས་ཉེན་བརྡ་བཏང་ཡོད་པ་གསལ། དེ་བཞིན་ཁ་སང་གཟའ་མིག་དམར་ཉིན་ཉི་ཧོང་དུ་ཡོད་པའི་དོམ་ཕྲ་གཉིས་རྒྱ་ནག་ལ་ཕྱིར་བསློགས་ཤིང་། ཕྱི་ལོ་ 1972 ལོ་ནས་ཉི་ཧོང་ལ་དོམ་ཕྲ་མེད་པ་ཐོག་མ་དེ་གྱུར། དོམ་ཕྲ་འདི་གཉིས་ཀྱི་མིང་ལ་ལེ་ལེ་དང་ཞེའོ་ཞེའོ་ཞེས་འབོད་པ་དང་། ཕྱི་ལོ་ 2021 ལོར་ཉི་ཧོང་གི་རྒྱལ་ས་ཀྲོ་ཁེའོ་ཡི་གཅན་གཟིགས་ཁང་ཞིག་ཏུ་སྐྱེས།

དོམ་ཕྲ་ནི་རྒྱ་ནག་གི་ཧྲན་ཞི་ཞིང་ཆེན་དང་བོད་དང་རྒྱ་ནག་གི་ས་མཚམས། ཀན་སུ་དང་སི་ཁྲོན་ཞིང་ཆེན་གྱི་ས་ཁུལ་དུ་བཅས་བགོས་བྱས་པའི་ཤར་རྒྱལ་མོ་རོང་དང་། མུ་ལི། འབྲུག་ཆུ། ཟུང་ཆུའི་ཤར་དུང་རིའི་རྒྱུད་ཀྱི་སྦང་བཟང་། གཟི་ཚྭ་སྡེ་དགུ་སོགས་སུ་ཡོད་པའི་སེམས་ཅན་ཞིག་ཡིན་པ་ལ། རྒྱ་ནག་དམར་ཤོག་གཞུང་གིས་འདི་ཉིད་རྒྱལ་ཁབ་ཀྱི་མཚོན་དོན་ལྟ་བུར་བེད་སྤྱོད་བྱེད་བཞིན་པ་དང་། ལྷག་པར་ཕྱི་སྲིད་ཁྲོད་བེད་སྤྱོད་བྱེད་བཞིན་ཡོད། ཁོ་ཚོས་རྒྱལ་ཁབ་གཞན་ལ་མཛའ་བརྩེ་མཚོན་ཆེད་གཡོར་བཞིན་པ་དང་། དོམ་ཕྲ་ཞིག་གི་གཡོར་གླ་དེ་ལོ་རེར་ཨ་སྒོར་ས་ཡ་ $1 རེ་སྤྲོད་དགོས་པ་ལ། དོམ་ཕྲ་དེ་དང་ཕྱི་རྒྱལ་དུ་སྐྱེས་པའི་དེའི་ཕྲུ་གུ་བཅས་ཀྱི་བདག་དབང་སྔར་བཞིན་རྒྱ་ནག་གིས་མཉར་ཡོད་པ་གསལ།

ཝོལ་སི་ཀྲི་རི་ཀྲི་གསར་དེབ་སྟེང་གནས་ཚུལ་བཀོད་པ་ལྟར་ན། ཨ་རིའི་མང་གཙོ་ཚོགས་པའི་ངོས་ནས། གཞུང་གི་འགྲོ་གྲོན་སྔོན་རྩིས་ཀྱི་ཁྲིམས་འཆར་ཁྲོད། ནང་སྲིད་ལྷན་ཁང་འགྱུར་བ་གཏོང་རྒྱུའི་ཁྲིམས་འཆར་ཞིག་ཀྱང་འཁྱེར་ནས་ཡོང་འཆར་ཡོད་པ་དང་། སྤྱི་མཐུན་ཚོགས་པས་ཁྲིམས་འཆར་འདི་ངོས་ལེན་བྱ་རྒྱུའི་རྣམ་པ་མེད་པས། བདུན་ཕྲག་འདིའི་མཇུག་ཏུ་སླར་ཡང་ཨ་རིའི་གཞུང་ཕྱེ་ཀ་སྒོ་རྒྱག་དགོས་ཐུག་སྲིད་པ་བཤད། དེ་བཞིན་སྒྲོ་ནལ་ཁྲི་རམ་ཕུ་སྲིད་གཞུང་གིས། རྒྱལ་ནང་དུ་ཡིག་ཆ་མེད་པར་འཛུལ་མཁན་དང་། ནག་ཉེས་ཀྱི་རྒྱབ་ལྗོངས་ཡོད་མཁན་འཛིན་བཞིན་ཡོད།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག