Homeརྒྱལ་སྤྱི།ཨེ་ཤ་ཡ།ཉི་ཧོང་ལ་ཉེན་བརྡ་གསར་བ།

ཉི་ཧོང་ལ་ཉེན་བརྡ་གསར་བ།

Date:

ཐེ་ཝན་དང་འབྲེལ་ཉི་ཧོང་གིས་ཚད་ལས་བརྒལ་བའི་སྦྱོར་བ་བརྩམས་ཚེ། དེ་ལ་གུན་གསབ་ན་ཟུག་ཅན་ཞིག་སྤྲོད་དགོས་ཐུག་ངེས་ཡིན། 

ཉི་ཧོང་གི་སྲིད་བློན་གྱིས་གྲོས་ཚོགས་སུ་ཐེ་ཝན་དང་འབྲེལ་གཏམ་བཤད་ཅིག་སྤེལ་བ་ལ་བརྟེན་ནས། རྒྱ་ནག་དང་ཉི་ཧོང་བར་གྱི་འབྲེལ་བ་སྡུག་ཏུ་འགྲོ་བཞིན་པ་དང་ལྷན། ཉི་ཧོང་གིས། ཐེ་ཝན་ནས་སྤྱི་ལེ་ 112 ཡས་མས་ཀྱི་མཚམས་སུ་ཡོད་པ། ཡཱ་ན་གྷུ་ནེ་ཞེས་པའི་མཚོ་གླིང་སྟེང་། སྙོབས་ཚད་འབྲིང་ཅན་གྱི་འཕུར་མདའི་མ་ལག་ཅིག་འཇོག་རྒྱུ་ཡིན་པ་བསྒྲགས་ཟིན་པ་ལྟར། ཁ་སང་ཞོགས་པར་རྒྱ་ནག་བདེ་སྲུང་ལྷན་ཁང་གིས། ཐེ་ཝན་དང་འབྲེལ་ཉི་ཧོང་གིས་ཚད་ལས་བརྒལ་བའི་སྦྱོར་བ་བརྩམས་ཚེ། དེ་ལ་གུན་གསབ་ན་ཟུག་ཅན་ཞིག་སྤྲོད་དགོས་ཐུག་ངེས་ཡིན་ཞེས་ཉེན་བརྡ་བཏང་།

ད་དུང་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་བུད་མེད་མའོ་ཡེ་ཡིས། ཉི་ཧོང་གི་ངོས་ནས་ཀྲུང་གོ་གཅིག་གི་སྲིད་བྱུས་ལ་བརྩི་བཀུར་བྱེད་ཀྱི་ཡོད་དམ་ཞེས་དང་། ཉི་ཧོང་གིས་དཀའ་ངལ་ཞིག་བཟོས་རྗེས་དཀའ་ངལ་དེ་རང་ངོས་ནས་མེད་པ་འགྱུར་རྒྱུ་རེ་བ་རྒྱག་མི་རུང་བའི་ཉེན་བརྡ་བཏང་། དེ་དང་ལྷན་ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས་ཉི་ཧོང་གཞུང་ལ། གནས་ཚུལ་འདི་ཞི་འཇམ་དུ་གཏོང་ཐབས་བྱ་དགོས་ཞེས་ཤོད་བཞིན་པའི་གནས་ཚུལ་ཐོན།

རྒྱ་ནག་དང་ཉི་ཧོང་བར་ལོ་རྒྱུས་ཀྱི་འགལ་འདུ་ཡོད་པས། རྒྱ་ནག་དམར་གཞུང་གིས་འདི་བེད་སྤྱོད་ཀྱིས། སླར་ཡང་རྒྱལ་ནང་དུ་རྒྱལ་ཞེན་སློང་བཞིན་པའི་མཚམས། རྒྱ་ནག་གཅིག་གི་སྲིད་བྱུས་ཟེར་བ་ནི། རྒྱ་ནག་ལྟར་ན་འཛམ་གླིང་འདིར་ཁྲིམས་མཐུན་གྱི་རྒྱ་ནག་གཞུང་གཅིག་ལས་མེད་ཅིང་། དེ་ནི་པེ་ཅིང་དུ་ཡོད་པའི་གཞུང་འདི་ཡིན་པ་འདོད། ཡིན་ན་ཡང་། ཐེ་ཝན་གྱིས་ཚིག་འདི་ལ་འགྲེལ་བཤད་གཞན་ཞིག་རྒྱག་བཞིན་ཡོད། 

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག