Homeརྒྱལ་སྤྱི།ཉེན་ཁ་ཆེ་རུ་ཕྱིན། 

ཉེན་ཁ་ཆེ་རུ་ཕྱིན། 

Date:

(ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུའི་བཀའ་ལྟར། འཐབ་འཛིང་གནམ་གྲུ་འཁྱེར་བའི་ཨ་རིའི་གྲུ་གཟིངས་ཆེན་མོ་(USS Gerald R Ford)ཞེས་པ། ཟླ་བ་སྔོན་མ་ནས་ཡུ་རོབ་ཀྱི་ཐག་ཉེ་ནས་ལྷོ་ཨ་མེ་རི་ཀའི་ཕྱོགས་སུ་རྒྱང་བསྐྱོད་འགོ་བཙུགས་ཟིན་པ་ལྟར། ད་ལྟ་གྲུ་གཟིངས་ཆེན་མོ་འདི་ཝེ་ནེ་ཛོ་ལ་རྒྱལ་ཁབ་ཀྱི་ཐག་ཉེ་ཁཱ་རེ་བྷེ་ཡན་མཚོ་རྒྱུད་དུ་སླེབས།)

འདི་ནི་ས་ཁུལ་འདི་ནས་ཨ་རིའི་རྒྱལ་ནང་ལ་ཉལ་ཐ་དང་། སྐྱབས་བཅོལ་བ་འདྲེན་སའི་ལམ་ཀ་གཅོད་ཆེད་ཡིན་ཞེས། ཨ་རིའི་དམག་མི་མང་པོ་ས་ཁུལ་འདིར་སྤུངས་ཡོད་པ་དེའི་རྒྱབ་རོགས་སུ་ཡོང་བ་ཡིན། ད་ལྟ་བར་ཨ་རིའི་དམག་དཔུང་གིས། ཁཱ་རེ་བྷེ་ཡན་མཚོ་དང་། ཞི་བདེ་རྒྱ་མཚོའི་སྟེང་དུ་གྲུ་གཟིངས་ 19 ལ་གཏོར་རྒོལ་གྱིས། ཉུང་མཐར་མི་ 76 བསད་ཟིན་པའི་གནས་ཚུལ་ཐོན། ཨ་རིས། གྲུ་གཟིངས་འདི་དག་ནི་ནག་ཚོགས་ཀྱི་ཡིན་པ་བཤད།

•. ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་སྲིད་གཞུང་གིས། ཝེ་ནེ་ཛོ་ལ་རྒྱལ་ཁབ་ཀྱི་སྲིད་འཛིན་མཱ་རྡུ་རོ་སྲིད་གཞུང་གིས། འདས་པའི་ལོ་མང་པོའི་རིང་འཆར་གཞི་ལྡན་པའི་ངང་ཨ་རིའི་རྒྱལ་ནང་ལ་ཉལ་ཐ་དང་། ཁྲིམས་འགལ་སྐྱབས་བཅོལ་བ་འགྲོ་སའི་ལམ་ཀ་བསྐྲུན་ཡོད་པ་བཤད། ཝེ་ནེ་ཛོ་ལའི་གཞུང་གིས། དོན་དངོས་སུ་ཨ་རིའི་དམིགས་ཡུལ་ནི་ཝེ་ནེ་ཛོ་ལ་རྒྱལ་ཁབ་ཀྱི་རྡོ་སྣུམ་དང་། རང་བྱུང་ཐོན་ཁུངས་འཛིན་ཆེད་རེད་ཅེས་བཤད།ཇི་ལྟར་ཡང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཉེན་ཁའི་གནས་སུ་ལྷུང་ཡོད་པ་ལྟར། ཝེ་ནེ་ཛོ་ལའི་ལས་བྱེད་ཅིག་གིས་རོའུ་ཀྲར་གསར་ཤོག་ལ། གལ་སྲིད་ཨ་རིས་ཚུར་རྒོལ་དངོས་སུ་བྱས་ཚེ། ང་ཚོས་ཆུ་ཚོད་ 2 རིང་ལའང་རྒྱུན་སྐྱོང་རྒྱུ་ཁག་པོ་ཡིན་པས། ཐད་ཀར་གདོང་ཐུག་ལས་ང་ཚོས་འཇབ་དམག་རྒྱག་འཆར་ཡོད་ཅེས་བཤད།

•. ཨ་རི་དང་ཝེ་ནེ་ཛོ་ལ་རྒྱལ་ཁབ་ཀྱི་ཁྱིམ་མཚེས། ཀོ་ལིམ་བྷི་ཡ་གཉིས་ཀྱི་བར་དུའང་འབྲེལ་བ་སྡུག་ཏུ་ཕྱིན། ད་ལྟ་ཀོ་ལིམ་བྷི་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཡིས། ཨ་རིས་ཁཱ་རེ་བྷེ་ཡན་མཚོ་རྒྱུད་དུ་གྲུ་གཟིངས་སྟེང་གཏོར་རྒོལ་མཚམས་མ་བཞག་བར་དུ། ཀོ་ལིམ་བྷི་ཡའི་གསང་བའི་ལས་ཁུངས་ཀྱིས། ཨ་རིའི་གསང་བའི་ལས་ཁུངས་དང་མཉམ་འབྲེལ་བྱེད་རྒྱུ་མཚམས་འཇོག་དགོས་ཞེས་བཀའ་བཏང་ཟིན་པའི་གནས་ཚུལ་ཐོན། ཀོ་ལིམ་བྷི་ཡ་ནི་ཨ་རིའི་མཐུན་གྲོགས་ཤིག་ཡིན་པ་ལ། ཕྱི་ལོ་ 2022 ལོར་གུ་ཡངས་ཤོག་ཁག་གི་ཆབ་སྲིད་པ། གྷུ་སི་ཏ་ཝོ་ པེ་ཏི་རོ་སྲིད་སྟེགས་སུ་སླེབས་རྗེས། ཨ་རི་དང་འབྲེལ་ཐག་རིང་དུ་ནས་སྡུག་ཏུ་ཕྱིན། དེ་བཞིན་དབྱིན་ཇིའི་གསང་བའི་ལས་ཁུངས་ཀྱིས་ཀྱང་། ས་ཁུལ་འདིའི་གནད་དོན་ཐད། ཨ་རིའི་གསང་ལས་དང་མཉམ་འབྲེལ་ཕྱེ་ཀ་མཚམས་འཇོག་རྒྱུ་ཡིན། ཞེས་བཤད་ཟིན་པ་སི་ཨན་ཨན་གསར་ཤོག་སྟེང་གནས་ཚུལ་བཀོད།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག