Homeརྒྱལ་སྤྱི།དབྱིན་ཇིའི་སྲིད་བློན་རྒྱ་ནག་ཏུ་སླེབས། 

དབྱིན་ཇིའི་སྲིད་བློན་རྒྱ་ནག་ཏུ་སླེབས། 

Date:

རྒྱ་ནག་གིས་དབྱིན་ཇིའི་མི་སེར་ཚོ་ཉིན་ 30 རིང་ཐོངས་མཆན་མི་དགོས་པར་རྒྱ་ནག་ཏུ་ཡོང་ཆོག་པ་བཟོས་ཤིང་། དབྱིན་ཇིའི་ཁེ་གཉེར་དག་གིས་རྒྱ་ནག་ཏུ་མ་རྐང་ཆེན་པོ་འཇོག་རྒྱུ་ཡིན་པ་བཤད།

དབྱིན་ཇིའི་སྲིད་བློན་ཁེར་ སི་ཀྲར་མེར་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་སླེབས་ཤིང་། ཁོ་དང་རྒྱ་ནག་གི་སྲིད་འཛིན་ཞེ་ཅེན་ཕིན་གཉིས་ཐུག
ཐེངས་འདིར་ཁོ་རྒྱ་ནག་ཏུ་ཉིན་ 3 རིང་སྐོར་བསྐྱོད་བྱ་རྒྱུ་དང་། འདི་ནི་འདས་པའི་ལོ་ངོ་ 8 རིང་དབྱིན་ཇིའི་སྲིད་བློན་ཞིག་རྒྱ་ནག་ཏུ་སླེབས་པ་ཐོག་མ་དེ་གྱུར། 

ཞེ་ཅེན་ཕིན་གྱིས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་ཡར་འགྱུར་མར་འགྱུར་དང་། དཀའ་ངལ་ཡོད་ནའང་ཕན་ཚུན་ལ་འབྲེལ་བ་བྱེད་དགོས་པ་ནི་གཡོལ་ཐབས་མེད་ཅེས་བཤད། དབྱིན་ཇི་སྲིད་བློན་གྱིས། ཐེངས་འདིར་འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་གནད་དོན་གླེང་སློང་བྱས་ཡོད་པ་བཤད། ཐེངས་འདིར་རྒྱ་ནག་གཞུང་གིས། ཉིན་ 30 རིང་དབྱིན་ཇིའི་མི་སེར་ཚོ་ཐོངས་མཆན་མི་དགོས་པར། རྒྱ་ནག་ཏུ་འགྲུལ་བསྐྱོད་བྱེད་ཆོག་པ་བཟོས།

 དབྱིན་ཇིའི་སྨན་རྫས་བཟོ་གྲྭ་དང་ཁེ་གཉེར་ཆེན་མོ་ཨ་སི་ཀྲི་ར་ཛེ་ན་ཀ་(AstraZeneca)ཡིས། རྒྱ་ནག་ཏུ་ཨ་སྒོར་ཐེར་འབུམ་ $15 ཡི་མ་རྐང་འཇོག་རྒྱུ་ཡིན་པ་བསྒྲགས། དབྱིན་ཇི་སྲིད་བློན་གྱིས། ཁོ་དང་ཞེ་གཉིས་ཀྱིས་སྐད་ཆ་བཤད་རྗེས་དབྱིན་ཇི་དང་། རྒྱ་ནག་གི་འབྲེལ་བ་དེ་ཡག་པོ་དང་བརྟན་པོ་གྱུར་ཡོད་པ་དང་། དབྱིན་ཇིའི་ཚོང་པ་དག་གིས་རྒྱ་ནག་ལ་མ་རྐང་འཇོག་རྒྱུར་སྒུག་ཡོད་པ་བཤད། 

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག