Homeརྒྱལ་སྤྱི།ཨེ་ཤ་ཡ།དེ་རིང་ཞི་བའི་གྲོས་མོལ་བྱ་རྒྱུ། 

དེ་རིང་ཞི་བའི་གྲོས་མོལ་བྱ་རྒྱུ། 

Date:

དེ་རིང་ཐེ་ལན་དང་ཀམ་བྷོ་ཀྲི་ཡའི་བར་གྲོས་མོལ་དང་། དེའི་སྟེང་ཐེ་ལན་གྱི་བདེ་སྲུང་བློན་ཆེན་ཡང་ཞུགས་རྒྱུ་ཡིན་པའི་གནས་ཚུལ་ཐོན། དེ་ལྟར་ན་རྒྱལ་ཁབ་གཉིས་བར་རེ་ཞིག་མེ་མཚམས་འཇོག་ཐུབ་པའི་རེ་བ་ཆེ་བ་བཤད། 

ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ཀམ་བྷོ་ཀྲི་ཡ་དང་། ཐེ་ལན་གཉིས་ཀྱི་ས་མཚམས་སུ། རྒྱལ་ཁབ་གཉིས་ཀྱི་དམག་མིས་ཕན་ཚུན་གྱི་སྟེང་གཏོར་རྒོལ་འགོ་བཙུགས་ནས་བདུན་ཕྲག་ 3 འགྲོ་བཞིན་པ་ལྟར། དེ་རིང་རྒྱལ་ཁབ་གཉིས་བར་གྲོས་མོལ་དང་། དེའི་སྟེང་ཐེ་ལན་གྱི་བདེ་སྲུང་བློན་ཆེན་ཡང་ཞུགས་རྒྱུ་ཡིན་པའི་གནས་ཚུལ་ཐོན། དེ་ལྟར་ན་རྒྱལ་ཁབ་གཉིས་བར་རེ་ཞིག་མེ་མཚམས་འཇོག་ཐུབ་པའི་རེ་བ་ཆེ་བ་བཤད།

ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས། ཁོས་དམག་འཁྲུག་ 8 མཚམས་བཞག་ནས། མི་སྲོག་ས་ཡ་མང་པོ་བསྐྱབས་ཟིན་ཞེས་ཤོད་ཀྱིན་པའི་དམག་འཁྲུག་གཅིག་ནི། ཐེ་ལན་དང་ཀམ་བྷོ་ཀྲི་ཡའི་བར་མེ་མཚམས་བཞག་པ་དེ་གྱུར། དོན་དངོས་སུ་ད་ལོའི་ཕྱི་ཟླ་ 7 ནང་རྒྱལ་ཁབ་གཉིས་བར་ས་མཚམས་སུ་གདོང་ཐུག་བྱུང་སྐབས། མཱ་ལེ་ཤི་ཡ་སོགས་ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་གཞན་དག་གིས་གཙོ་བོ་བར་འདུམ་དང་། དེ་ལ་སྒྲོ་ནལ་ཁྲི་རམ་ཕུས་རམ་འདེམས་བྱས་པ་བརྒྱུད་ཕན་ཚུན་བར་མེ་མཚམས་འཇོག་ཐུབ་པ་གྱུར།

ཡིན་ན་ཡང་། ཟླ་བ་འདིའི་ནང་སླར་ཡང་འཁྲུག་འགོ་བཙུགས་ཤིང་། ཕན་གཉིས་ཀྱིས་ཕར་ཚུན་ངན་ཁོག་གཡོག་རེས་བྱེད། གཞན་ཡང་ཀམ་བྷོ་ཀྲི་ཡའི་དམག་མིས། རྒྱ་ནག་གིས་བཟོས་པའི་འཕུར་མདའི་མ་ལག་ MLRS ཅིག་བེད་སྤྱོད་ཀྱིས། ཐེ་ལན་གྱི་ཕྱོགས་སུ་འཕུར་མདའ་འཕེན་བཞིན་པའི་སྐབས་སུ། མ་ལག་དེ་གས་འཐོར་གྱིས་ཀམ་བྷོ་ཀྲི་ཡའི་དམག་མི་ 8 བསད་ཟིན་པའི་གནས་ཚུལ་ཞིག་དྲྭ་ལམ་དུ་ཁྱབ། བདེན་མིན་རེ་ཞིག་ཞུ་མ་ཤེས།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག