Homeརྒྱལ་སྤྱི།བྱང་ཨ་རི། ནོ་སྦེལ་བཟང་རྟགས་སྤྲད་ཀྱང་དེའི་ཆེས་མཐོང་སྤྲོད་མི་ཐུབ། 

ནོ་སྦེལ་བཟང་རྟགས་སྤྲད་ཀྱང་དེའི་ཆེས་མཐོང་སྤྲོད་མི་ཐུབ། 

Date:

ལྕམ་མཱ་ཅ་རྡོ་ཁ་སང་ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག མོས་རང་གི་ནོ་སྦེལ་ཞི་བདེ་གཟེངས་རྟགས་དེ། སྒྲོ་ནལ་ཁྲི་རམ་ཕུ་ལ་སྤྲད་ཅིང་ཁོས་ཀྱང་དེ་བླངས།

ཝེ་ནེ་ཛོ་ལའི་ཕྱོགས་འགལ་ཚོའི་དབུ་ཁྲིད། ལོ་སྔོན་མར་ནོ་སྦེལ་ཞི་བདེ་གཟེངས་རྟགས་ཐོབ་མཁན། ལྕམ་མཱ་ཅ་རྡོ་ཁ་སང་ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག མོས་སྔར་ནས་ཤོད་བཞིན་པ་ལྟར། མོས་རང་གི་ནོ་སྦེལ་ཞི་བདེ་གཟེངས་རྟགས་དེ། སྒྲོ་ནལ་ཁྲི་རམ་ཕུ་ལ་སྤྲད་ཅིང་ཁོས་ཀྱང་དེ་བླངས།

སྒྲོ་ནལ་ཁྲི་རམ་ཕུས། མཱ་རེ་ཡས་ངའི་བྱས་པ་དག་གི་ཆེད་མོ་རང་གི་ནོ་སྦེལ་ཞི་བདེ་གཟེདས་རྟགས་དེ་ང་ལ་སྤྲད་སོང་། ཅི་འདྲའི་རྣམ་འགྱུར་བཟང་པོ་ཞིག་ཞེས་བྲིས། ཉེ་དུས་ནོ་སྦེལ་གཟེངས་རྟགས་ཚོགས་ཆུང་གིས། སྐྱེ་བོ་གང་ཞིག་ལ་སྤྲད་པའི་གཟེངས་རྟགས་དེ། སྐྱེ་བོ་གཞན་ཞིག་ལ་སྤྲོད་མི་ཐུབ་ཅེས་གསལ་བོར་བཟོས་ཟིན། དེ་ལྟར་ན་དངོས་པོ་ཙམ་སྤྲད་པ་ལས། དེ་ནི་སྒྲོ་ནལ་ཁྲི་རམ་ཕུ་ལ་ནོ་སྦེལ་ཞི་བདེ་གཟེངས་རྟགས་ཐོབ་ཟིན་དོན་མིན་པ་གསལ།

སྒྲོ་ནལ་ཁྲི་རམ་ཕུས། ཁོ་ཚོས་ཨོ་བྷ་མ་ལ་ནོ་སྦེལ་ཞི་བདེ་གཟེངས་རྟགས་སྤྲད་པ་རེད། དེ་སྤྲོད་དགོས་པའི་རྒྱུ་མཚན་ཨོ་བྷ་མ་ཁོ་རང་གིས་ཀྱང་ཤེས་ཀྱི་མེད། ངས་དམག་འཁྲུག་ 8 མཚམས་བཞག་ནས། མི་སྲོག་ས་ཡ་མང་པོ་བསྐྱབས་ཟིན་ཅེས་ཤོད་ཀྱི་ཡོད། སྒྲོ་ནལ་ཁྲི་རམ་ཕུ་ལ་ནོ་སྦེལ་ཞི་བདེ་གཟེངས་རྟགས་ཐོབ་འདོད་ཧ་ཅང་ཆེན་པོ་ཡོད་པ་ནི། ཁོ་རང་གིས་ཀྱང་གསང་བ་བྱེད་ཀྱི་མེད།

ཡིན་ན་ཡང་། མོས་ཁོ་ལ་ནོ་སྦེལ་ཞི་བདེ་གཟེངས་རྟགས་སྤྲོད་དོན་ནི། ད་ལྟ་ཝེ་ནེ་ཛོ་ལ་མང་གཙོའི་ལམ་དུ་འགྲོ་རྒྱུའི་གོ་སྐབས་ཤིག་ཡོད་པས། སྒྲོ་ནལ་ཁྲི་རམ་ཕུས་དེ་ལ་རོགས་བྱ་རྒྱུའི་ཆེད་ཡིན་པ་གསལ་ནའང་། མཱ་རྡུ་རོ་བཟུང་རྗེས་སུ་སྒྲོ་ནལ་ཁྲི་རམ་ཕུས། མཱ་རྡུ་རོའི་ཕྱོགས་འཛིན་མཁན་གྱི་ད་ལྟའི་ཆབ་སྲིད་པ་ཚོ་དང་ལྷན་ལས་ཀ་བྱ་རྒྱུའི་འབད་པ་བྱེད་བཞིན་པ་དང་། ལྷག་པར་ཁོས། མཱ་ཅ་རྡོ་ལ་ཝེ་ནེ་ཛོ་ལར་རྒྱབ་སྐྱོར་དེ་འདྲ་ཆེན་པོ་མི་འདུག་ཅེས། མོ་བརྒྱུད་རིམ་འདིའི་ཁྲོད་འཇུག་རྒྱུ་ཡིན་པའི་རྣམ་འགྱུར་མ་བསྟན།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག