Homeརྒྱལ་སྤྱི།ཨེ་ཤ་ཡ།ཕུ་ཀྲན་རྒྱ་གར་དུ་འབྱོར།

ཕུ་ཀྲན་རྒྱ་གར་དུ་འབྱོར།

Date:

ཁ་སང་ས་གནས་ཀྱི་ཆུ་ཚོད་ 6:30 སྟེང་རཱ་ཤི་ཡའི་སྲིད་འཛིན་ཕུ་ཀྲན་དེ་རིང་རྒྱ་གར་དུ་འབྱོར། འདི་ནི་འདས་པའི་ལོ་ངོ་ 4 ནང་ཕུ་ཀྲན་རྒྱ་གར་དུ་སླེབས་པ་ཐོག་མ་དེ་གྱུར།

ཁ་སང་ས་གནས་ཀྱི་ཆུ་ཚོད་ 6:30 སྟེང་རཱ་ཤི་ཡའི་སྲིད་འཛིན་ཕུ་ཀྲན་དེ་རིང་རྒྱ་གར་དུ་འབྱོར། འདི་ནི་འདས་པའི་ལོ་ངོ་ 4 ནང་ཕུ་ཀྲན་རྒྱ་གར་དུ་སླེབས་པ་ཐོག་མ་དེ་གྱུར། ཕུ་ཀྲན་གྱི་ཕྱི་སྲིད་སློབ་སྟོན་པ་ཡུ་རེ་ཨུ་ཤ་ཁོ་ཝི་ཡིས། ཐེངས་འདིར་ཕུ་ཀྲན་དང་མོ་དྷི་གཉིས་སྒེར་ནས་ཐུག་རྒྱུ་དང་། སྐབས་དེར་ཁོ་གཉིས་ཀྱིས། རྒྱལ་སྤྱི་དང་རྒྱལ་ཁབ་གཉིས་བར་གྱི་ཚོར་བ་རྣོ་ཞིང་གལ་ཆེན་ཡིན་པའི་གནས་ཚུལ་དག་གི་སྐོར་གླེང་རྒྱུ་རེད་ཅེས་བཤད།

ཕུ་ཀྲན་རྒྱ་གར་དུ་མ་ཡོང་སྔོན། རྒྱ་གར་གྱི་གསར་ཁང་ཞིག་གིས་ཁོ་ལ་ཆུ་ཚོད་ 1 ལས་མང་བའི་རིང་བཅར་འདྲི་ཞིག་ཞུས། སྐབས་དེར་ཕུ་ཀྲན་གྱིས། རཱ་ཤི་ཡའི་ངོས་ནས་ཡར་ཐོན་རྒྱལ་ཁབ་བརྒྱད་ཀྱི་ནང་ཕྱིར་འཛུལ་འདོད་དམིགས་བསལ་མེད་པ་བཤད། 

ཉེ་དུས་ཨ་རི་དང་རཱ་ཤི་ཡའི་སྐུ་ཚབ་གཉིས་ཀྱིས་བཟོས་པའི་ཡིག་ཆ་དོན་ཚན་ 28 ཅན་ལྟར་ན། གལ་སྲིད་རཱ་ཡུ་གཉིས་བར་དམག་མཚམས་བཞག་ཚེ། རཱ་ཤི་ཡ་ཕྱིར་ཡར་ཐོན་རྒྱལ་ཁབ་བརྒྱད་ཀྱི་ནང་འཇུག་རྒྱུ་ཡིན་པ་བཀོད། ཡིན་ན་ཡང་། ཡིག་ཆ་འདི་ཕྱིར་ཐོན་པ་དང་ཡུ་རོབ་དང་ཡུ་ཁུ་རན་གྱིས་ཁས་མ་བླངས་རྐྱེན། རྔ་ལ་དཔག་པའི་བྲོ་ལྟར་ཕུ་ཀྲན་གྱིས་དེ་མ་ཐག་སྲིད་དོན་རྩེད་མོ་རིམ་པ་གཉིས་པའི་འགོ་བཙུགས། 

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག