Homeརྒྱལ་སྤྱི།ཨེ་ཤ་ཡ།ཕུ་ཀྲན་རྒྱ་གར་དུ་ཡོང་རྒྱུ། 

ཕུ་ཀྲན་རྒྱ་གར་དུ་ཡོང་རྒྱུ། 

Date:

རཱ་ཤི་ཡའི་སྲིད་འཛིན་ཕུ་ཀྲན། ཟླ་བ་རྗེ་མའི་ཚེས་ 4 དང་ 5 ལ་རྒྱ་གར་དུ་ཡོང་རྒྱུ་ཡིན་པ། རཱ་ཤི་ཡའི་སྲིད་འཛིན་ལས་ཁུངས་ཀྱི་མགྲིན་ཚབ་པ་པེ་སི་ཀོ་ཝི་ཡིས་བཤད། ཐེངས་འདིར་རྒྱ་གར་དང་རཱ་ཤི་ཡའི་བར།ཐབས་བྱུས་མཉམ་ལས་དང་ཚོང་འབྲེལ། ཚན་རིག་དང་འཕྲུལ་རིག རིག་གཞུང་བརྗེ་རེས་སོགས་ཀྱི་ཐད་གླེང་མོལ་བྱ་རྒྱུ་དང་། མཐར་རྒྱལ་ཁབ་གཉིས་ཀྱིས། མཉམ་འབྲེལ་བསྒྲགས་གཏམ་ཞིག་ཀྱང་སྤེལ་རྒྱུ་ཡིན་པ་བཤད།

རྒྱ་གར་དང་རཱ་ཤི་ཡའི་འབྲེལ་བ་ནི་ཨུ་རུ་སུ་དམར་པོའི་སྐབས་ནས་གཙོ་བོ་འགོ་བཙུགས་ཤིང་། རྒྱལ་སྤྱིའི་ཆབ་སྲིད་ལ་འགྱུར་བ་འདྲ་མིན་ཕྱིན་ནའང་། སྤྱིའི་ཆ་ནས་རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་ཀྱི་བཟང་འབྲེལ་ལ་འགྱུར་བ་ཆེན་པོ་མ་ཐེབས། དམག་འཁྲུག་འགོ་བཙུགས་རྗེས། ཡུ་རོབ་ཀྱིས་རཱ་ཤི་ཡའི་རྡོ་སྣུམ་ཉོ་ཚད་ཧ་ཅང་བསྙུངས་ཟིན་པས། རྒྱ་དཀར་ནག་གཉིས་ནི། རིན་གོང་ཆུང་བའི་རྒྱ་གར་གྱི་རྡོ་སྣུམ་ཉོ་མཁན་ཆེ་ཤོས་གཉིས་སུ་གྱུར།།

གཞན་ཡང་རཱ་ཤི་ཡ་ནི་རྒྱ་གར་གྱི་ཚོང་ཟོག་ཉོ་ཡུལ་གལ་ཆེན་ཞིག་ཡིན་པ་ལ། ད་ལྟ་རྒྱ་གར་གྱིས་གཙོ་བོ་ནུབ་ཕྱོགས་ནས་དེང་རབས་གོ་ལག་ཉོ་རྒྱུ་འབད་པ་བྱེད་བཞིན་པས། རཱ་ཤི་ཡའི་གི་ལག་ཉོད་ཚད་མར་ཆག

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག