Homeརྒྱལ་སྤྱི།བྱང་ཨ་རི། ཕྱི་མི་བཀག་སྡོམ།

ཕྱི་མི་བཀག་སྡོམ།

Date:

ལྕམ་ཁི་རེ་སི་ཀྲེ་ནོམ་གྱིས། ང་དང་སྲིད་འཛིན་ཐུག་པ་ཡིན། མི་གསོད་ལག་དམར་དང་། ཚུར་བླངས་ནས་ཕར་གང་ཡང་མི་སྤྲོད་མཁན། ཉལ་ཐར་ངན་གོམས་སུ་ཕྱིན་པའི་མི་དག་ང་ཚོའི་རྒྱལ་ནང་དུ་བླུག་ནས་ཡོང་སའི་རྒྱལ་ཁབ་དག་ནས། ཨ་རིའི་རྒྱལ་ནང་ལ་མི་ཡོང་རྒྱུ་ཡོངས་སུ་འགོག་རྒྱུའི་བསམ་ཚུལ་བཏོན་ཟིན།

ཨ་རིའི་རྒྱལ་ནང་བདེ་འཇགས་དྲུང་ཆེ་ལྕམ་ཁི་རེ་སི་ཀྲེ་ནོམ་གྱིས། ང་དང་སྲིད་འཛིན་ཐུག་པ་ཡིན། མི་གསོད་ལག་དམར་དང་། ཚུར་བླངས་ནས་ཕར་གང་ཡང་མི་སྤྲོད་མཁན། ཉལ་ཐར་ངན་གོམས་སུ་ཕྱིན་པའི་མི་དག་ང་ཚོའི་རྒྱལ་ནང་དུ་བླུག་ནས་ཡོང་སའི་རྒྱལ་ཁབ་དག་ནས། ཨ་རིའི་རྒྱལ་ནང་ལ་མི་ཡོང་རྒྱུ་ཡོངས་སུ་འགོག་རྒྱུའི་བསམ་ཚུལ་བཏོན་ཟིན། ང་ཚོའི་མེས་པོ་ཚོས་ཁྲག་དང་རྔུལ་ཆུས་རྒྱལ་ཁབ་འདི་བཙུགས་པ་ལས། ཕྱི་རྒྱལ་གྱི་བཙན་འཛུལ་བ་ཚོར་ང་ཚོའི་དཔའ་བོ་དག་གསོད་ཆེད་བཙུགས་པ་མ་རེད། ང་ཚོར་ཁོ་ཚོའི་མི་གཅིག་ཀྱང་དགོས་དོན་མེད་ཅེས་བྲིས།

ད་ལོའི་དབྱར་ཀར་སྒྲོ་ནལ་ཁྲི་རམ་ཕུ་སྲིད་གཞུང་གིས། ཨ་ཧྥི་གྷན་དང་ཀུ་པ། འབར་མ། ཨེ་རན་སོགས་དཀྱིལ་ཤར་དང་ཨེ་ཤ་ཡ། ཨ་ཧྥེ་རི་ཀ་སོགས་ཀྱི་རྒྱལ་ཁབ་ 19 ནས་ཐོངས་མཆན་དམིགས་བསལ་དག་ཕུད། ཨ་རིའི་རྒྱལ་ནང་དུ་ཡོང་རྒྱུ་ཡོངས་སུ་བཀག་ཟིན་པ་ལ། བདུན་ཕྲག་སྔོན་མར་ཨ་རིའི་རྒྱལ་སར་རྒྱལ་སྲུང་དམག་མི་ཞིག་བསད་རྗེས།
ཨ་རིའི་རྒྱལ་ནང་དུ་འདུག་ཆོག་པའི་སྙན་ཞུ་ཕུལ་ཟིན་པ་དང་། དབུལ་རྒྱུ་ཚང་མ་བཀག་ཅིང་ལས་ཀ་ཡོངས་སུ་མཚམས་བཞག གོ་སྐབས་འདི་དང་བསྟུན། བྷ་ཀྲན་གྱི་སྐབས་སུ་ཨ་རིའི་རྒྱལ་ནང་ལ་འཛུལ་མཁན་ཚང་མའི་ཡིག་ཆར་བསྐྱར་ཞིབ་ཆེན་པོ་ཞིག་གི་འགོ་བཙུགས། ད་དུང་འགྲུལ་བསྐྱོད་བཀག་པའི་སྔར་གྱི་རྒྱལ་ཁབ་དག་གི་སྟེང་། རྒྱལ་ཁབ་གཞན་ཡང་སྣོན་སྲིད་པ་ཚོད་དཔག་བྱེད།

ཨ་རིའི་གྲོས་ཚོགས་གོང་མའི་མང་གཙོ་ཚོགས་པའི་འཐུས་མི་ཅེག་ཤུ་མར་གྱིས། ཁོའི་ལས་ཁུངས་ལ་གློག་འཕྲིན་བརྒྱུད་འགད་རྫས་ཀྱིས་ཉེན་བརྡ་ཞིག་འབྱོར་ཟིན་པ་བཤད། ཕྱི་ལོ་ 2022 ཟླ་ 11 ཚེས་ 1 ཉིན་གྲོས་ཚོགས་ཚོགས་གཙོ། ལྕམ་ནན་སེ་པི་ལོ་སིའི་ཁྱིམ་ལ་དྲག་རྒོལ་བྱས་པ་དང་། འོས་བསྡུའི་སྐབས་སུ་སྟེ་ལོ་སྔོན་མའི་ཕྱི་ཟླ་ 7 ཚེས་ 13 ཉིན་སྒྲོ་ནལ་ཁྲི་རམ་ཕུའི་སྟེང་མེ་མདའ་འཕངས་བ། ད་ལོའི་ཕྱི་ཟླ་ 9 ཚེས་ 10 ཉིན་རྙིང་ཞེན་ཤོག་ཁག་གི་ན་གཞོན་གཏམ་བཤད་པ། ཆར་ལི་ཁར་ཁི་མེ་མདས་ལྐོག་གསོད་བྱས་པ་སོགས། ཆབ་སྲིད་ཀྱི་ལྟ་བ་མི་མཐུན་པའི་གནད་དོན་དག་རྣོ་ངར་ཅན་དུ་འགྱུར་བཞིན་པ་དང་ལྷན། ཤུགས་རྐྱེན་ཆེ་བའི་མི་དག་གི་སྟེང་དྲག་རྒོལ་གྱི་གནས་ཚུལ་ཡང་མང་དུ་འགྲོ་བཞིན་པ། མི་མང་ཁྲོད་བསམས་ཤོག་བསྡུས་སྐབས་མི་མང་ཆེ་བས་བཤད།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག