Homeདཔལ་འབྱོར།ཕྱི་ལོ་ ༢༠༢༥/༩/༡༨ གཟའ་ཕུར་བུ།

ཕྱི་ལོ་ ༢༠༢༥/༩/༡༨ གཟའ་ཕུར་བུ།

Date:

 

•. ད་ལོའི་ཕྱི་ཟླ་ 8 ནང་གི་རྒྱ་ནག་གི་དཔལ་འབྱོར་སྙན་ཐོ་དེ་བདུན་ཕྲག་འདིའི་ནང་ཕྱིར་ཐོན། ཕྱི་ཟླ་ 8 ནང་རྒྱ་ནག་གི་བཟོ་གྲྭ་དག་གི་ཐོན་སྐྲུན་གྱི་ཚད་གཞི་དེ་བརྒྱ་ཆ་ 5.7% ཡར་འཕར་རྒྱུ་ཡིན་པ་སྔོན་དཔག་བྱས་ཡོད་ཀྱང་། སྙན་ཐོ་འདི་ལྟར་ན་ཕྱི་ཟླ་ 8 ནང་བརྒྱ་ཆ་ 5.2% ལས་ཡར་འཕར་མ་ཐུབ་པ་དང་། འདི་ནི་ལོ་སྔོན་མའི་ཕྱི་ཟླ་ 8 ནས་ཟླ་རེའི་བཟོ་གྲྭའི་ཐོན་སྐྲུན་ཚད་དམའ་ཤོས་སུ་གྱུར། དེ་བཞིན་ད་ལོའི་ཕྱི་ཟླ་ 8 ནང་འཛད་སྤྱོད་པ་ཚོས་ཁྲོམ་རར་བཏང་བའི་དངུལ་གྱི་ཚད་གཞི་དེ་བརྒྱ་ཆ་ 3.4% ལས་ཡར་འཕར་མ་ཐུབ་ཅིང་། འདི་ནི་ལོ་སྔོན་མའི་ཕྱི་ཟླ་ 11 ནས་ཚད་གཞི་དམའ་ཤོས་དེ་གྱུར། གཞན་ཡང་ལས་མེད་ཀྱི་གྲངས་ཀའི་ཚད་གཞི་དེ་ཕྱི་ཟླ་ 8 ནང་བརྒྱ་ཆ་ 5.3% ལ་ཡར་འཕར་ཅིང་། འདི་ནི་འདས་པའི་ཟླ་བ་ 6 རིང་གི་གྲངས་ཀ་མཐོ་ཤོས་སུ་གྱུར།

•. འཛུགས་སྐྲུན་(གནམ་ཐང་དང་ཟམ་པ། གཞུང་ལམ་སོགས།)གྱི་ཐད་མ་རྐང་བཞག་པའི་ཚད་དེ། ད་ལོའི་ཕྱི་ཟླ་ 6 ནས་ཕྱི་ཟླ་ 7 བར་བརྒྱ་ཆ་ 1.6% ཡིན་པ་ལ། ད་ལོའི་ཕྱི་ཟླ་ 7 ནས་ཕྱི་ཟླ་ 8 བར་བརྒྱ་ཆ་གྲངས་ཆུང་ 0.5% ལས་ཡར་འཕར་མ་ཐུབ་ཅིང་། འདི་ནི་ཏོག་དབྱིབས་ནད་ཚའི་རྗེས་ཀྱི་ཚད་གཞི་དམའ་ཤོས་དེ་ཡིན་པ་གསལ། གོང་གི་འདི་དག་གི་རྒྱུ་རྐྱེན་གཙོ་བོ་ནི། གཏིང་ཟབ་པའི་ས་ཁང་ཁེ་གཉེར་གྱི་མ་རྐང་བརྡིབས་པའི་དཀའ་ངལ་དེ། སྔར་བཞིན་རྒྱ་ནག་གི་དཔལ་འབྱོར་གྱི་ཁུར་བོ་ཆེན་པོ་ཞིག་ཏུ་གྱུར་ཡོད་པའི་སྟེང་། ངེས་གཏན་མེད་པའི་ད་ལྟའི་རྒྱལ་སྤྱིའི་གནས་སྟངས་འོག རྒྱ་ནག་གི་འཛད་སྤྱོད་པ་ཚོས་ཐོན་ཟོག་ཉོ་རྒྱུའི་ཚབ་ཏུ་དངུལ་སྒོར་གསོག་འཇོག་བྱ་རྒྱུ་འདེམས་བཞིན་པ། སྔོན་དཔག་མི་ཐུབ་པའི་ཨ་རིའི་སྲིད་བྱུས་དང་ཚོང་འབྲེལ་འཐབ་རྩོད་བཅས་རྒྱུ་རྐྱེན་གཙོ་བོ་ཡིན་པ་གསལ།

•. གཞན་ཡང་ལོ་འདིར་རྒྱ་ནག་གི་དཀྱིལ་རྒྱུད་ས་ཁུལ་མང་པོར། ཚ་རླབས་འཕྱུར་བ་དང་ཆུ་ལོག་རྒྱུག་པ་སོགས། ཕྱི་ལོ་ 1961 ལོ་ནས་མ་བྱུང་བའི་རང་བྱུང་གནོད་འཚེ་བྱུང་བས། རྒྱལ་དམངས་དཔལ་འབྱོར་སྤྱི་ལ་གྱོང་གུན་འཕོག དེའི་སྟེང་རྒྱ་ནག་གི་རླངས་འཁོར་བཟོ་གྲྭ་སོགས་ཀྱིས། རང་གི་ཐོན་ཟོག་ཁྲོམ་རར་བྲིན་ཆེད་རིན་གོང་མར་བཅག་པའི་འགྲན་རྩོད་ཀྱི་རླབས་ཤིག་འཕྱུར། རྒྱ་ནག་གཞུང་གིས་འགྲན་རྩོད་འདི་བཀག་ཅིང་། དེས་ཀྱང་ལྡོག་ཕྱོགས་ནས་ནུས་པ་ཐོན་ཡོད་པའང་བཤད། རྒྱ་ནག་གཞུང་གིས་ད་ལོའི་དཔལ་འབྱོར་ཡར་རྒྱས་ཀྱི་དམིགས་ཚད་ཟིན་ཆེད། བུན་སྐྱེད་བཅག་པ་སོགས་ཐབས་ལམ་འདྲ་མིན་འཚོལ་རྒྱུ་ཡིན་པ་དབྱེ་ཞིབ་པ་ཚོས་ཚོད་དཔག་བྱེད། ད་ལོའི་རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་ཀྱི་དམིགས་ཚད་དེ་བརྒྱ་ཆ་ 5% ཡས་མས་ཡིན། སྤྱིའི་ཆ་ནས་རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་ཀྱི་ཚད་གཞི་དེ། ཕྱི་ལོ་ 2000 ནང་གི་ཚད་དེར་ཕྱིར་འཇོག་མ་ཐུབ་ཅིང་། དེ་ནི་གྱང་ངོས་ལ་རྡོ་བརྒྱབས་པ་ལྟར་ཕར་འགྲོ་རྒྱུ་མེད་པ་ལྟ་བུ་ཞིག་ཏུ་གྱུར།

གསར་གནས།

ཡུ་རོབ་དང་རཱ་ཡུའི་དམག་འཁྲུག

ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་སྲིད་གཞུང་གིས། རཱ་ཤི་ཡ་དང་ཡུ་ཁུ་རན། ཡུ་རོབ་བཅས་དང་ལྷན་གསང་བའི་ངང་གྲོས་མོལ་གྱིས།དམག་འཁྲུག་འདི་མཚམས་འཇོག་ཐབས་ཆེད་ཡིག་ཆ་དོན་ཚན་ 28 ཞིག་བཟོ་བཞིན་པའི་གནས་ཚུལ་ཐོན་ཟིན་པ་ལྟར། ད་ལྟ་འདིའི་སྐོར་གནས་ཚུལ་ཅུང་ཞིབ་ཕྲ་ཐོན།

ཡུ་རོབ་དང་རཱ་ཡུའི་དམག་འཁྲུག

ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་སྲིད་གཞུང་གིས། དམག་འཁྲུག་འདི་མཚམས་འཇོག་ཐབས་དང་འབྲེལ། ཡིག་ཆ་དོན་ཚན་ 28 ཅན་ཞིག་བཟོ་བཞིན་པ་དང་། འདིའི་ཆེད་རཱ་ཤི་ཡ་དང་ཡུ་ཁུ་རན། ཡུ་རོབ་རྒྱལ་ཁབ་དག་དང་ལྷན་གསང་བའི་ངང་གྲོས་མོལ་བྱེད་བཞིན་པ་བཤད།

དཀྱིལ་ཤར་ལ་གཞི་ནས་ཞི་བདེ་བསྐྲུན་ཟིན།

སྒྲོ་ནལ་ཁྲི་རམ་ཕུས། ངའི་མི་ཚེ་གང་ལ་དཀྱིལ་ཤར་དུ་ཞི་བདེ་སྐྲུན་ཐབས་སྐོར་གོ་ནས་ཡོང་བ་ཡིན།ཡིན་ན་ཡང་། ད་ལྟ་བར་བསྐྲུན་མ་ཐུབ་པ་ལ་ང་ཚོས་གཞི་ནས་དཀྱིལ་ཤར་དུ་ཞི་བདེ་བསྐྲུན་ཟིན་ཅེས་བཤད།

ཨ་རིས་ཐེ་ཝན་ལ་གོ་ལག་བཙོང་། 

ཨ་རིས་ཐེ་ཝན་ལ་འཕུར་མདའི་མ་ལག་ནཱ་སམ་སི་(NASAMS)བཅས། གོ་ལག་རིན་ཐང་ཨ་སྒོར་ས་ཡ་ $700 འཚོང་རྒྱུ་ཡིན་པ་ཨ་རིའི་ལས་བྱེད་ཚོས་གཏན་འཁེལ།

སོ་ཐེའི་རྒྱལ་སྲས་ཨ་རིར་སླེབས།

སོ་ཐེ་ཨ་རབ་བྷེ་ཡའི་རྒྱལ་སྲས་ཀྱིས། འབྱུང་འགྱུར་རྒྱལ་ཁབ་འདིས་བཅོས་མའི་རིག་པ་དང་འཕྲུལ་རིགས་སོགས་དང་འབྲེལ། ཨ་རིའི་རྒྱལ་ནང་ལ་ཨ་སྒོར་ཁྲག་ཁྲིག་ཆེན་མོ་ $1 མ་ཟིན་ཙམ་གྱི་མ་རྐང་འཇོག་རྒྱུ་ཡིན་པ་བཤད།