Homeརྒྱལ་སྤྱི།ཨེ་ཤ་ཡ།མཱ་ཁི་རོན་རྒྱ་ནག་ཏུ་སླེབས།

མཱ་ཁི་རོན་རྒྱ་ནག་ཏུ་སླེབས།

Date:

དེ་རིང་ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་སླེབས་ཤིང་ཞེ་ཅེན་ཕིན་དང་ལྷན་ཐུག འདི་ནི་མཱ་ཁི་རོན་རྒྱ་ནག་ཏུ་ཡོང་བ་ཐེངས་བཞི་བ་དེ་གྱུར།

དེ་རིང་ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་སླེབས་ཤིང་ཞེ་ཅེན་ཕིན་དང་ལྷན་ཐུག འདི་ནི་མཱ་ཁི་རོན་རྒྱ་ནག་ཏུ་ཡོང་བ་ཐེངས་བཞི་བ་དེ་གྱུར་ཅིང་། སྲིད་འཛིན་མཱ་ཁི་རོན་དང་ལྷན་ཧྥ་རན་སིའི་ཚོང་ལས་སྐུ་ཚབ་ཚོགས་པ་ཆེན་པོ་ཞིག་རྒྱ་ནག་ཏུ་སླེབས།ཐེངས་འདིར་མཱ་ཁི་རོན་དང་། ཧྥ་རན་སིའི་ཚོང་པ་ཚོས་རྒྱ་ནག་ཏུ་ཉིན་ 3 རིང་སྐོར་བསྐྱོད་བྱ་རྒྱུ་ཡིན་པ་དང་། འདིའི་རྗེས་སུ་ཞེ་ཅེན་ཕིན་དང་ཁོ་ཚོ་རྒྱ་ནག་ཟི་ཁྲོན་ཞིང་ཆེན་དུ་འགྲོ་རྒྱུ་ཡིན་པ་གསལ། ཞེ་ཅེན་ཕིན་རྒྱ་ནག་ཏུ་སླེབས་པའི་ཕྱི་རྒྱལ་གྱི་འགོ་ཁྲིད་ཚོ་དང་ལྷན། ས་ཆ་གཞན་པ་ལ་འགྲུལ་བསྐྱོད་བྱེད་པ་ནི་ཅུང་དཀོན་པ་གསལ།

མཱ་ཁི་རོན་གྱིས་ཞེ་ཅེན་ཕིན་ལ། ས་ཁམས་ཆབ་སྲིད་དང་ཚོང་འབྲེལ།ཁོར་ཡུག་སོགས་དང་འབྲེལ། རྒྱ་ནག་གིས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་ལས་ཤུགས་ཆེ་རུ་གཏོང་དགོས་པ་བཤད། ཕྱི་ལོ་ 2024 ལོར་རྒྱ་ནག་དང་ཧྥ་རན་སིའི་བར་འདྲ་མཉམ་མ་ཡིན་པའི་ཚོང་འབྲེལ་དེ་ཚད་གཞི་དེ། ཨ་སྒོར་ཐེར་འབུམ་ $10 ཡིན་པ་དང་། ཡུ་རོབ་མཉམ་འབྲེལ་དང་རྒྱ་ནག་བར་གྱི་ཚོང་འབྲེལ་འདྲ་མཉམ་མ་ཡིན་པའི་ཚད་དེ། ཨ་སྒོར་ཐེར་འབུམ་ $357 ཡིན་པ་བཤད་ཅིང་། དེ་ནི་རྒྱ་ནག་གིས་ཡུ་རོབ་ནས་ཉོས་པའི་ཚད་གཞི་ལས་ཡུ་རོབ་ཀྱིས་རྒྱ་ནག་ནས་ཉོས་པ་མང་བའི་དོན། གནས་ཚུལ་འདི་དག་གི་རྐྱེན་པས་ཡུ་རོབ་ཀྱིས་རྒྱ་ནག་གི་སྟེང་བཀལ་བའོ་ཚོང་ཁྲལ་ཉུང་འཕྲི་བྱ་རྒྱུ་ནི་རྒྱ་ནག་གི་དམིགས་ཡུལ་གཙོ་བོ་གསལ། 

དེ་བཞིན་ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུའི་ཚོང་འབྲེལ་སྲིད་བྱུས་ཀྱི་རྐྱེན་པས། རྒྱལ་སྤྱིའི་ཁྲོམ་རར་ངེས་གཏན་མེད་པའི་དཔལ་འབྱོར་ཁོར་ཡུག་ཅིག་བསྐྲུན་ཟིན་པ་ལྟར། རྒྱ་ནག་གིས་ཁཔ་ཚོ་ནི་ཡིད་ཆེས་ཆོག་པའི་ཚོང་འབྲེལ་གྲོགས་པོ་ཞིག་ཡིན་པའི་རྣམ་འགྱུར་གང་ཐུབ་སྟོན་བཞིན་པ་གསལ། རྒྱ་ནག་གིས་ཧྥ་རན་སི་ལྷན་གནམ་གྲུ་བཟོ་སྐྲུན་དང་ཉིང་རྡུལ་ལས་གཞི། བཅོས་མའི་རིག་པ། ཁོར་ཡུག་སྲུང་སྐྱོབ།
སྨན་རྫས་སོགས་ཀྱི་ཐད་ནས་མཉམ་ལས་ཤུགས་ཆེ་རུ་གཏོང་འདོད་ཡོད་པ་བཤད། ཕྱི་ལོ་ 2027 ལོར་ཧྥ་རན་སིའི་སྲིད་འཛིན་འོས་བསྡུ་སླེབས་རྒྱུ་ཡིན་པ་ལྟར། མཱ་ཁི་རོན་གྱིས་དེའི་སྔོན་དུ་རང་གི་སྣང་བརྙན་ཡག་ཏུ་གཏོང་རྒྱུ་འབད་པ་བྱེད་བཞིན་པ་དབྱེ་ཞིབ་པ་ཚོས་བཤད།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག