Homeརྒྱལ་སྤྱི།ཨ་མེ་རི་ཀམཱ་རྡུ་རོ་བཟུང་ཟིན་པ་བསྒྲགས། 

མཱ་རྡུ་རོ་བཟུང་ཟིན་པ་བསྒྲགས། 

Date:

ཨ་རིའི་དམག་དཔུང་གིས། ལྷོ་ཨ་མེ་རི་ཀའི་རྒྱལ་ཁབ་ཝེ་ནེ་ཛོ་ལའི་རྒྱལ་ས་ཀཱ་ར་ཀ་སི་རུ་གཏོར་རྒོལ་འགོ་བཙུགས། བདེ་སྲུང་བློན་ཆེན་བསད་ཟིན་པའི་གནས་ཚུལ་ཞིག་ཐོན།

ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས་ཐོག་མར་ཁ་གྲགས། ཁོས་རང་གི་སྤྱི་ཚོགས་དྲྭ་རྒྱའི་སྟེང་། ཨ་རིའི་དམག་དཔུང་གིས་ཝེ་ནེ་ཛོ་ལ་དང་དེའི་དབུ་ཁྲིད་ཚོའི་སྟེང་གཏོར་རྒོལ་ལེགས་འགྲུབ་ལྡན་པ་ཞིག་བྱས་ཟིན། སྲིད་འཛིན་མཱ་རྡུ་རོ་དང་། ཁོའི་བཟའ་ཟླ་གཉིས་བཟུང་ཟིན་ཅིང་ད་ལྟ་རྒྱལ་ཁབ་ནས་ཕྱི་ལ་ཐོན་ཟིན་ཅེས་བྲིས། ཞིབ་ཕྲའི་གནས་ཚུལ་སྐོར་དེ་རིང་ཞོགས་པའི་ས་གནས་ཀྱི་ཆུ་ཚོད་ 11:00 སྟེང་། ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་རྒྱུ་ཡིན་པ་བསྒྲགས།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག