Homeརྒྱལ་སྤྱི།དཀྱིལ་ཤར།མི་ཁྲི་ 3 ལས་བརྒལ་བ་བསད་ཟིན་པའི་གནས་ཚུལ་ཐོན།

མི་ཁྲི་ 3 ལས་བརྒལ་བ་བསད་ཟིན་པའི་གནས་ཚུལ་ཐོན།

Date:

ཨེ་རན་གྱི་ངོ་རྒོལ་ཁྲོད་མི་ 30,000 བསད་ཟིན་པ་བཤད་ཅིང་། གཙོ་བོ་ཟླ་བ་འདིའི་ཚེས་ 8 དང་ཚེས་ 9 གཉིས་ལ་དམར་གསོད་ཆེན་པོ་ཞིག་བྱས་ཟིན་པ་བཤད། སྐབས་དེར་རྒྱལ་ནང་དུ་དྲྭ་རྒྱ་བཀག་ཟིན་པས། ད་དུང་ཡང་གནས་ཚུལ་མང་པོ་ཞིག་ཕྱིར་ཐོན་མེད།

ལོ་སྔོན་མའི་ཕྱི་ཟླ་ 12 ཚེས་ 28 ཉིན་ནས་ཨེ་རན་དུ་བྱུང་བའི་ངོ་རྒོལ་ཁྲོད། ཁྱོན་བདེ་སྲུང་མི་སྣ་དང་ངོ་རྒོལ་བ་བཅས་མི་ 3,117 རྐྱེན་འདས་སུ་ཕྱིན་ཟིན་པ་ཨེ་རན་གཞུང་གིས་བསྒྲགས་ཟིན། ཡིན་ན་ཡང་། ཨ་རིའི་བདུན་རེའི་གསར་ཤོག་(Time Magazine)གིས། ཨེ་རན་གྱི་ལས་བྱེད་ཚོའི་སྐད་ཆ་ལུང་འདྲེན་གྱིས་གནས་ཚུལ་བཀོད་པ་ལྟར་ན། དོན་དངོས་སུ་ངོ་རྒོལ་འདིའི་ཁྲོད་མི་ 30,000 (གྲངས་ཀ་གཞན་ཞིག་ལ་ 36,000)བསད་ཟིན་པ་བཤད་ཅིང་། གཙོ་བོ་ཟླ་བ་འདིའི་ཚེས་ 8 དང་ཚེས་ 9 གཉིས་ལ་དམར་གསོད་ཆེན་པོ་ཞིག་བྱས་ཟིན་པ་བཤད། (སྐབས་དེར་རྒྱལ་ནང་དུ་དྲྭ་རྒྱ་བཀག་ཟིན་པས། ད་དུང་ཡང་གནས་ཚུལ་མང་པོ་ཞིག་ཕྱིར་ཐོན་མེད།)

ཨེ་རན་གྱི་སྨན་པ་སོགས་འཕྲོད་བསྟེན་ལས་བྱེད་དག་ལྟར་ན། ཉིན་འདི་གཉིས་ཀྱི་རིང་ཕུང་པོ་འཇུག་སའི་འགྱིག་ཁུག་གིས་མ་འདང་བ་དང་། སྨན་ཁང་གི་མྱུར་སྐྱོབ་རླངས་འཁོར་གྱིས་མ་འདང་བར་སྤྱིར་བཏང་གི་རླངས་འཁོར་བེད་སྤྱོད་བྱེད་དགོས་པ་གྱུར་ཟིན་པ་བཤད། སྐབས་དེར་ཨེ་རན་གྱི་གཞུང་དམག ཁ་ཆེ་གསར་བརྗེ་དམག་དཔུག་གིས་ནུས་པ་གང་ཡོད་བཏོན་ནས། ངོ་རྒོལ་འདི་བཙན་གྱིས་མནན་ཟིན་པ་གསལ། ཨེ་རན་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས། ཁོ་ཚོས་ངོ་རྒོལ་ལ་སྐུལ་སློང་གིས་ཨེ་རན་ལ་གནོད་པ་སྐྱེལ་མ་ཐུབ་པས། ད་ལྟ་ཁོ་ཚོས་གསར་ཁང་བེད་སྤྱོད་ཀྱིས་ཨེ་རན་ལ་ཚུར་རྒོལ་བྱེད་ཀྱི་ཡོད་པ་རེད། འདི་ནི་མཇར་མན་ནཱ་ཙེའི་བྱེད་སྟངས་རེད་ཅེས་བཤད།

ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས། ཨེ་རན་གཞུང་གིས་ངོ་རྒོལ་བ་ཚོ་བསད་ཚེ། ཨེ་རན་གྱི་སྟེང་ཕར་རྒོལ་བྱ་རྒྱུའི་བརྡ་བཏང་ཟིན་ནའང་། དེའི་རྗེས་སུ་ཁོས་ཨེ་རན་གཞུང་གིས་ངོ་རྒོལ་བ་གྲངས་ 800 སྲོག་ཁྲིམས་གཅོད་རྒྱུ་བྱས་ཟིན་ནའང་། ད་ལྟ་འཆར་གཞི་(དོན་དངོས་འཆར་གཞི་དེ་འདྲ་ཡོད་མེད་ཁ་གསལ་མེད་པར་གྱུར།)དེ་ཕྱིར་འཐེན་འདུག་པས། དེ་ཡག་པོ་རེད་ཅེས་བཤད། ཨེ་རན་གྱི་སྟེང་ཨ་རིས་ཚུར་རྒོལ་བྱ་རྒྱུར། ཨེ་ཛི་རལ་དང་ཨ་རིའི་སྲིད་འཛིན་གཞོན་པ། རྒྱལ་སྲིད་དྲུང་ཆེ། དམག་འཁྲུག་དྲུང་ཆེ། དབྱིན་ཇི་དང་ཨ་རབ་རྒྱལ་ཕྲན་མཉམ་འབྲེལ་བཅས་ཀྱིས་རྒྱབ་སྐྱོར་བྱེད་བཞིན་པ་བཤད།

དེ་བཞིན་སྒྲོ་ནལ་ཁྲི་རམ་ཕུའི་བུ་མོའི་ཁྱོ་ག་ཁུ་ཤི་ནེར་དང་། དམིགས་བསལ་སྐུ་ཚབ་ཝེ་ཀྲི་ཀོ་ཧྥི། སེ་ཐེ་ཨ་རབ་བྷེ་ཡ། ཏུར་ཀེ་བཅས་ཀྱིས་ཕྱི་འབྲེལ་གྱི་ལམ་ནས་དཀའ་ངལ་འདི་སེལ་རྒྱུའི་རེ་བ་བཏོན་ཡོད་པའི་གནས་ཚུལ་ཐོན། དེ་བཞིན་ཁ་སང་ཨ་རིའི་གཏོར་རྒོལ་གྲུ་གཟིངས་རུ་ཁག་(USS Abraham Lincoln)ལྷོ་རྒྱ་ནག་རྒྱ་མཚོའི་ནང་ནས་དཀྱིལ་ཤར་དུ་སླེབས། གལ་སྲིད་སྒྲོ་ནལ་ཁྲི་རམ་ཕུས་ཨེ་རན་གྱི་སྟེང་ཕར་རྒོལ་བྱ་རྒྱུ་ཐག་བཅད་ཚེ། ད་དུང་ཡང་ཨ་རིའི་འཐབ་འཛིང་གནམ་གྲུ་སོགས། མུ་མཐུད་དུ་དཀྱིལ་ཤར་དུ་གཏོང་དགོས་པ་དང་། དེ་ལ་ཉི་འགའ་འགོར་རྒྱུ་ཡིན་པ་བཤད།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག