Homeརྒྱལ་སྤྱི།ཨ་མེ་རི་ཀམུ་མཐུད་དུ་ཕྱི་མི་ཕྱིར་ཕུད།

མུ་མཐུད་དུ་ཕྱི་མི་ཕྱིར་ཕུད།

Date:

ཨ་རིའི་གཞུང་གིས། ལོ་རྗེས་མ་སྟེ་ཕྱི་ལོ་ 2026 ལོར་མུ་མཐུད་དུ་སྲིད་འཛིན་བྷ་ཀྲན་གྱི་སྐབས་སུ་རྒྱལ་ནང་དུ་འཛུལ་མཁན་ཚོར་ཞིབ་བཤེར་དང་། ཕྱིར་ཕུད་རྒྱུའི་ལས་འགུལ་ཤུགས་ཆེ་རུ་གཏོང་རྒྱུ་དང་། འདིའི་ཆེད་ཨ་སྒོར་ཐེར་འབུམ་མང་པོ་གཏོང་རྒྱུ། 

ཨེ་པི་གསར་ཤོག་ལ་ཨ་རིའི་ལས་བྱེད་མིང་བརྗོད་མེད་པ་ཞིག་གིས་བཤད་པ་ལྟར་ན། ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་སྲིད་གཞུང་གིས། ཕྱི་རྒྱལ་དུ་ཡོད་པའི་ཨ་རིའི་གཞུང་ཚབ་ཆེན་མོ་ 30 མ་ཟིན་ཙམ་ཞིག་བརྗེ་སྒྱུར་བྱ་འདོད་ཡོད་པ་དང་། བདུན་ཕྲག་སྔོན་མར་གཞུང་ཚབ་ 29 མ་ཟིན་ཙམ་ལ་དེའི་དོན་སྔོན་བརྡ་བཏང་ཟིན་པ་བཤད། འདིའི་ཁྲོད་དུ་ཨ་ཧྥེ་རི་ཀའི་རྒྱལ་ཁབ་ 13 དང་། བལ་ཡུལ་དང་ཤི་རི་ལངྒ། ཧྥེ་ལེ་པིན་དང་ཨིན་རྡུ་ནེ་ཤི་ཡ་སོགས་ཨེ་ཤ་ཡའི་རྒྱལ་ཁབ་ 8 ། ཡུ་རོབ་ཀྱི་རྒྱལ་ཁབ་ 4 ། དཀྱིལ་ཤར་གྱི་རྒྱལ་ཁབ་ 2 བཅས་ཀྱི་ཨ་རིའི་གཞུང་ཚབ་དག་ཚུད་ཡོད་པ་གསལ།

ཕྱི་སྲིད་ལས་བྱེད་མང་པོ་ཞིག་ནི་སྲིད་འཛིན་སྔོན་མ་བྷ་ཀྲན་གྱིས་བསྐོས་པ་དང་། ལས་བྱེད་དག་ཕྱིར་རྒྱལ་ནང་དུ་ཡོང་ཚེ་རང་ལ་འདོད་པ་ཡོད་ན། ཕྱི་སྲིད་ཀྱི་ལས་ཀ་གཞན་དག་བྱེད་ཆོག་པ་བཤད། འདི་ནི་སྒྲོ་ནལ་ཁྲི་རམ་ཕུ་སྲིད་གཞུང་གིས། རྒྱལ་སྤྱིའི་ས་ཁམས་ཆབ་སྲིད་དང་འབྲེལ་བའི་ཨ་རིའི་སྲིད་བྱུས་ལ་འགྱུར་བ་ཆེན་པོ་ཞིག་གཏོང་བཞིན་པའི་ཆ་ཤས་ཤིག་ཡིན་པ་གསལ། དེ་བཞིན་ད་ལོར་ཁོ་སྲིད་སྟེགས་སུ་སླེབས་པ་དང་། ཡིག་ཆ་མེད་པའམ་ཡིག་ཆ་ཚད་ལྡན་མེད་པར་རྒྱལ་ནང་དུ་འཛུལ་མཁན་དག་ལ་རྗེས་འདེད་དང་། ཕྱིར་ཕུད་ཀྱི་ལས་འགུལ་ཆེན་པོ་ཞིག་གི་འགོ་བཙུགས་ཟིན་པ་ལྟར། ལས་འགུལ་འདི་ཤུགས་ཆེ་རུ་གཏོང་རྒྱུ་གཏན་འཁེལ་ཡིན་པའི་གནས་ཚུལ་ཐོན།

ལོ་རྗེས་མ་སྟེ་ཕྱི་ལོ་ 2026 ལོར་མུ་མཐུད་དུ་སྲིད་འཛིན་བྷ་ཀྲན་གྱི་སྐབས་སུ་རྒྱལ་ནང་དུ་འཛུལ་མཁན་ཚོར་ཞིབ་བཤེར་དང་། ཕྱིར་ཕུད་རྒྱུའི་ལས་འགུལ་ཤུགས་ཆེ་རུ་གཏོང་རྒྱུ་དང་། འདིའི་ཆེད་ཨ་སྒོར་ཐེར་འབུམ་མང་པོ་བཏང་བ་བརྒྱུད། གནས་སྤོ་བ་དག་ལ་ཞིབ་འཇུག་དང་འཛིན་བཟུང་བྱེད་མཁན་གྱི་ལས་བྱེད་སྟོང་ཕྲག་མང་དུ་གཏོང་རྒྱུ། བཟུང་ཟིན་པ་དག་བཀག་མཉར་བྱེད་སའི་ལྟེ་གནས་གསར་བཟོ་བྱ་རྒྱུ་ཡིན་པའི་གནས་ཚུལ་ཐོན། རྒྱལ་མཚམས་སྲུང་སྐྱོབ་ཀྱི་འགན་འཁུར་མཁན། ཀྲོམ་ཧོ་མན་གྱིས་རོའུ་ཀྲར་གསར་ཤོག་ལ། ང་ཚོས་འཛིན་རྒྱུ་ཡིན་པའི་མིའི་ཁ་གྲངས་འཕར་རྒྱུ་རེད་ཅེས་བཤད། ཕྱི་ལོ་ 2029 བར་བྱ་འགུལ་འདི་དང་རྒྱལ་མཚམས་བརྟན་སྲུང་ཕྱིར། ཨ་སྒོད་ཐེར་འབུམ་ $170 གཏོང་རྒྱུ་ཐག་བཅད།

ལོ་འདིར་འཛིན་བཟུང་གིས་རང་ཉིད་གང་ནས་ཡོང་བའི་གནས་དེར་བསྐྱལ་ཟིན་པ་གྲངས་ 622,000 ཡས་མས་ཡོད་པ་གསལ། སྒྲོ་ནལ་ཁྲི་རམ་ཕུ་སྲིད་གཞུང་གིས། རྒྱལ་ནང་དུ་འཛུལ་བའི་ནག་ཉེས་ཀྱི་རྒྱབ་ལྗོངས་ཅན་དག་བཟུང་ནས། ཕྱིར་རང་གི་རྒྱལ་ཁབ་ལ་གཏོང་བཞིན་པ་བཤད་ཀྱང་། དོན་དངོས་སུ་འདི་ནི་ནག་ཉེས་ཀྱི་རྒྱབ་ལྗོངས་ཡོད་མེད་ལ་འབྲེལ་བ་དེ་ཙམ་མེད་པ་དང་། ད་ལོར་བཟུང་ཟིན་པའི་མིའི་བརྒྱ་ཆ་ 41% ཡས་མས་ལ་ནག་ཉེས་ཀྱི་རྒྱབ་ལྗོངས་གང་ཡང་མེད་པ། རོའུ་ཀྲར་གསར་ཤོག་སྟེང་གནས་ཚུལ་བཀོད།

ཨ་རིའི་དཔལ་འབྱོར་ལ་གནོད་པར་དོགས་ནས། ད་ལོར་སྤྱིའི་ཆ་ནས་ཁེ་གཉེར་སོགས་སུ་ལས་ཀ་བྱེད་བཞིན་པའི་ཕྱི་མི་དག་ལ་དེ་ཙམ་རྗེས་འདེད་མ་བཏང་ནའང་། ལོ་རྗེས་མ་ནས་ཁོ་ཚོར་ཡང་ཞིབ་འཇུག་བྱ་རྒྱུ་ཡིན་པའི་གནས་ཚུལ་ཐོན། ཀུ་ཤུ་དང་གྷུ་གྷལ་སོགས་ཨ་རིའི་འཕྲུལ་རིག་ཁེ་གཉེར་ཆེན་པོ་དག་གིས། ཕྱི་རྒྱལ་ནས་ཡོང་བའི་རང་གི་ལས་མི་དག་ལ། རེ་ཞིག་ཨ་རི་ནས་ཕྱི་ལ་ཐོན་མི་རུང་བའི་ཉེན་བརྡ་བཏང་། ལས་འགུལ་འདི་ལ་བརྟེན་ནས་ནང་སྲིད་ཀྱི་ཆ་ནས། སྒྲོ་ནལ་ཁྲི་རམ་ཕུའི་རྒྱབ་སྐྱོར་བ་མང་པོ་ཞིག་ཤོར་སྲིད་པ་དང་། ལོ་རྗེས་མར་གྲོས་ཚོགས་ཀྱི་བར་མའི་འོས་བསྡུ་སླེབས་བཞིན་པས། ཁོ་ལ་མཚོན་ན་ནང་སྲིད་ཀྱི་ཆ་ནས་འདི་ནི་ཉེན་ཁ་ཞིག་ཡིན་པ་སྔོན་དཔག་བྱེད།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག