Homeརྒྱལ་སྤྱི།ཨེ་ཤ་ཡ།མེ་མཚགས་འཇོག་རྒྱུར་གྲོས་མཐུན། 

མེ་མཚགས་འཇོག་རྒྱུར་གྲོས་མཐུན། 

Date:

ཀམ་བྷོ་ཀྲི་ཡ་དང་ཐེ་ལན་བར་རེ་ཞིག་མེ་མཚམས་འཇོག་རྒྱུ་ཡིན་པ་གྲོས་མཐུན། མེ་མཚམས་དེ་དེ་རིང་ཉིན་རྒྱབ་ནས་དངོས་སུ་ལག་བསྟར་འགོ་བཙུགས་ཟིན་པ་བསྒྲགས། མེ་མཚམས་འཇོག་རྒྱུ་ཁྱབ་བསྒྲགས་བྱས་རྗེས་ནས་ཕན་ཚུན་བར་གཏོར་རྒོལ་གྱི་གནས་ཚུལ་མ་བྱུང་བ་བཤད།

ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ། ཐེ་ལན་དང་ཀམ་བྷོ་ཀྲི་ཡ་གཉིས་ཀྱི་བར་དུ་འདས་པའི་བདུན་ཕྲག་ 3 རིང་། ས་མཚམས་སུ་འཁྲུག་པ་ཤོར་ཅིང་ཕན་ཚུན་གྱི་རྒྱལ་ནང་ལ་གཏོར་རྒོལ་བྱས། དེ་རིང་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་དབུ་ཁྲིད་དག་མཉམ་འཛོམས་ཀྱིས། རེ་ཞིག་མེ་མཚམས་འཇོག་རྒྱུ་ཡིན་པ་གྲོས་མཐུན། མེ་མཚམས་དེ་དེ་རིང་ཉིན་རྒྱབ་ནས་དངོས་སུ་ལག་བསྟར་འགོ་བཙུགས་ཟིན་པ་བསྒྲགས། དེ་རིང་ཞོགས་པར་ཐེ་ལན་གྱི་མཁའ་དམག་གིས་ཀམ་བྷོ་ཀྲི་ཡའི་སྟེང་གཏོར་རྒོལ་འགའ་བྱས་པ་ལས། མེ་མཚམས་འཇོག་རྒྱུ་ཁྱབ་བསྒྲགས་བྱས་རྗེས་ནས་ཕན་ཚུན་བར་གཏོར་རྒོལ་གྱི་གནས་ཚུལ་མ་བྱུང་བ་བཤད།

ཀམ་བྷོ་ཀྲི་ཡའི་ཕྱི་སྲིད་བློན་ཆེན་ལྟར་ན། སང་ཉིན་གཟའ་ཉི་མར་རྒྱལ་ཁབ་གཉིས་ཀྱི་ཕྱི་སྲིད་བློན་ཆེན་གྱིས། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡེ་དང་ལྷན་རྒྱ་ནག་ཡུ་ནན་ཞིང་ཆེན་དུ་ཐུག་རྒྱུ་དང་། ས་མཚམས་དང་འབྲེལ་བའི་གནད་དོན་ཐད་གྲོས་བྱ་རྒྱུ་ཡིན་པ་བསྒྲགས། འདས་པའི་ཉིན་ 20 ཡི་རིང་གི་འཐབ་འཁྲུག་ཁྲོད། ཉུང་མཐར་མི་ 101 བསད་ཅིང་། ས་མཚམས་ཀྱི་མི་ས་ཡ་ཕྱེད་ལྷག་གནས་གཞན་ལ་འབྲོ་དགོས་གྱུར། འདི་ནི་ད་ལོའི་ཕྱི་ཟླ་ 7 ནང་བྱུང་བའི་འཐབ་འཁྲུག་གི་རྗེས་སུ། ཡང་བསྐྱར་གདོང་ཐུག་བྱུང་བ་གཞི་རྒྱ་ཆེ་ཤོས་སུ་གྱུར།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག