Homeརྒྱལ་སྤྱི།ཨེ་ཤ་ཡ།མེ་འཁོར་ནང་དུ་མི་ 32 རྐྱེན་འདས་སུ་ཕྱིན། 

མེ་འཁོར་ནང་དུ་མི་ 32 རྐྱེན་འདས་སུ་ཕྱིན། 

Date:

ཐེ་ལན་དུ་འཛུགས་སྐྲུན་གྱི་ལྕགས་ཤིག་མེ་འཁོར་སྟེང་འགྱེལ་བས། མེ་འཁོར་ནང་གི་མི་མང་པོ་བསད་ཅིང་། མང་པོ་ཞིག་ལ་རྨས་སྐྱོན་བཟོས། ཐེ་ལན་གཞུང་གིས་འདི་ལ་ཞིབ་འཇུག་བྱེད་བཞིན་པ་བསྒྲགས།

ཁ་སང་ཐེ་ལན་གྱི་ནུབ་ཤར་ས་ཁུལ་ཞིག་ཏུ། ཁང་བརྩེགས་འཛུགས་སྐྲུན་ཆེད། འཛུགས་སྐྲུན་གྱི་ཅ་དངོས་ཁང་པའི་སྟེང་ལ་ཡར་འགྱོག་བྱེད་ཀྱི་ལྕགས་ཤིག་འགྱེལ་ཅིང་། ཉེ་འཁོར་དུ་ཡོད་པའི་མེ་འཁོར་ཞིག་གི་སྟེང་བརྡབས་པས། མེ་འཁོར་ནང་གི་མི་ 32 རྐྱེན་འདས་སུ་ཕྱིན་ཅིང་། མི་གཞན་ 66 ལ་རྨས་སྐྱོན་འདྲ་མིན་བཟོས་ཟིན་པའི་གནས་ཚུལ་ཐོན།

ལྕགས་འདིས་ཅ་དངོས་ལྗིད་པོ་ཞིག་ཡར་འགྱོགས་བཞིན་པའི་སྐབས་སུ། ཕྱིར་ཐང་ལ་འགྱེལ་ཟིན་པ་བཤད་ཅིང་། མེ་འཁོར་ནང་དུ་ཡོད་པའི་མི་ཕལ་ཆེ་བ་ནི། སློབ་གྲྭར་འགྲོ་མཁན་གྱི་སློབ་ཕྲུག་དང་ལས་ཀ་བ་ཡིན་པ་བཤད་ཅིང་། གཞུང་གིས་དོན་རྐྱེན་འདིའི་ཐད་ཞིབ་འཇུག་བྱེད་བཞིན་པ་བསྒྲགས།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག