Homeརྒྱལ་སྤྱི།དཀྱིལ་ཤར།ཞི་བདེའི་ཚོགས་ཆུང་བཙུགས་ཟིན།

ཞི་བདེའི་ཚོགས་ཆུང་བཙུགས་ཟིན།

Date:

ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུའི་དམིགས་བསལ་སྐུ་ཚབ་ཝེ་ཀྲི་ཀོ་ཧྥི་ཡིས། ད་ལྟ་གྷ་ཛ་ས་ཁུལ་གྱི་དམག་འཁྲུག་ལ་མེ་མཚམས་བཞག་པའི་ལས་ཀ་རིམ་པ་གཉིས་པ་དེ་འགོ་བཙུགས་ཟིན་ཅེས་བསྒྲགས་ཟིན་པ་ལྟར། སྒྲོ་ནལ་ཁྲི་རམ་ཕུས་ཀྱང་། ད་ལྟ་གྷ་ས་ཁུལ་གྱི་བར་བརྒལ་འཛིན་སྐྱོང་ལ་ལྟ་ཞིབ་བྱེད་མཁན། {ཞི་བདེ་ཚོགས་ཆུང་}ཞེས་པ་བཙུགས་ཟིན་པ་དང་། འདིའི་ཁྲོད་མི་སྣ་གང་དག་ཚུད་ཡོད་པའི་མིང་ཐོ་མགྱོགས་པོར་ཕྱིར་བསྒྲག་རྒྱུ་ཡིན་པ་བཤད།

ཐོག་མའི་གྲོས་མཐུན་ལྟར་ན། ཧཱ་མ་སི་དྲག་དཔུང་གི་ལག་ནས་གྷ་ཛ་ས་ཁུལ་གྱི་བདེ་སྲུང་དང་། འཛིན་སྐྱོང་དབང་ཆ་དེ་བླངས་རྗེས་པཱ་ལི་སི་ཐན་གྱི་མཁས་པ་དང་། ཁྲིམས་རྩོད་པ་སོགས་ཆབ་སྲིད་པ་མ་ཡིན་པའི་མི་སྐོར་ཞིག་གིས། གྷ་ཛ་ས་ཁུལ་གྱི་བར་བརྒལ་འཛིན་སྐྱོང་འགན་འཁུར་དགོས་པ་དང་། དེའི་སྒང་དུ་སྒྲོ་ནལ་ཁྲི་རམ་ཕུ་རང་གིས་འགོ་འཁྲིད་པའི་ཞི་བདེའི་ཚོགས་ཆུང་ཞེས་པ་ཞིག་འཛུགས་རྒྱུ་བྱས་ཟིན།

ད་དུང་སྒྲོ་ནལ་ཁྲི་རམ་ཕུས། ཨེ་ཇིབ་དང་ཁཱ་ཀྲར། ཏུར་ཀེ་བཅས་ཀྱི་རྒྱབ་སྐྱོར་འོག་ང་ཚོས་ཧཱ་མི་སི་དང་ལྷན། གྷ་ཛ་ས་ཁུལ་དེ་དམག་དཔུང་མེད་པའི་ས་ཆ་ཞིག་ཏུ་བསྒྱུར་རྒྱུའི་གྲོས་མཐུན་འཇོག་རྒྱུ་ཡིན་ཞེས་བཤད། ཁོས། དེའི་ཁྲོད་ཧཱ་མ་སི་དྲག་དཔུང་གིས་གོ་ལག་ཚང་མ་རྩིས་སྤྲོད་དང་། ས་འོག་འཐབ་ར་ཚང་མ་གཏོར་རྒྱུའང་ཚུད་ཡོད། ཧཱ་མ་སི་དྲག་དཔུང་གིས་རང་གི་ཁས་ལེན་དག་ད་ལྟ་ཉིད་དུ་ལག་བསྟར་བྱ་དགོས་པ་ཡིན་ལ། གོ་ལག་ཐང་ལ་འཇོག་རྒྱུར་འགོར་འགྱངས་བྱ་མི་རུང་ཞེས་བཤད། 

ད་དུང་སྒྲོ་ནལ་ཁྲི་རམ་ཕུས། ངས་སྔར་བཤད་ཟིན་པ་ལྟར། ཁོ་ཚོས་ལས་ཀ་འདི་ལས་སླ་བོ་ཞིག་གི་ངང་བྱ་ཐུབ་ལ། ཁག་པོ་ཞིག་གི་ལམ་ནས་ཀྱང་བྱ་ཆོག་ཅེས། གལ་སྲིད་གོ་ལག་ཐང་ལ་མ་བཞག་ཚེ། ཡང་བསྐྱར་དམག་འཁྲུག་འགོ་གཟུག་རྒྱུའི་ཉེན་བརྡ་བཏང་། ཡིན་ན་ཡང་། ཧཱ་མ་སི་དྲག་དཔུང་གིས། ཟླ་བ་འདིའི་ནང་ཡས་མས་སུ། ཁོ་ཚོའི་དབུ་ཁྲིད་གསར་བ་འདེམས་རྒྱུར་གྲ་སྒྲིག་བྱེད་བཞིན་པའི་གནས་ཚུལ་ཐོན།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག