Homeརྒྱལ་སྤྱི།ཨེ་ཤ་ཡ།ཞིབ་འཇུག་ཚོགས་པ་བཙུགས་པ།

ཞིབ་འཇུག་ཚོགས་པ་བཙུགས་པ།

Date:

ཧོང་ཀོང་གཞུང་གིས་དོན་རྐྱེན་འདི་ལ་ཞིབ་འཇུག་ཆེད། རང་དབང་ལྡན་པའི་ཚོགས་ཆུང་ཞིག་འཛུགས་རྒྱུའི་བཀའ་བཏང་། ཧོང་ཀོང་སྤྱི་ཁྱབ་ཀྱིས། ང་ཚོས་ནོར་འཁྲུལ་ངོས་འཛིན་གྱིས། མ་འོངས་པར་འདི་འདྲ་བསྐྱར་དུ་མི་འབྱུང་རྒྱུ་ཁག་ཐེག་བྱ་དགོས་པ་བཤད།

བདུན་ཕྲག་སྔོན་མའི་གཟའ་ལྷག་པའི་ཕྱི་དྲོ། ཧོང་ཀོང་གི་ནུབ་ཕྱོགས་ཀྱི་ཐའེ་པོ་ཞེས་པའི་ས་ཁུལ་དུ། ཁང་བརྩེགས་སྐོར་ཞིག་མེ་འབར་ཟིན་པ་ལྟར། ད་ལྟ་བར་དོན་རྐྱེན་འདིའི་ཁྲོད་མིའི་འཆི་གྲངས་ 151 ལ་འཕར་བ་དང་། ད་དུང་མུ་མཐུད་དུ་འཚོལ་ཞིབ་བྱེད་བཞིན་པས་འཆི་གྲངས་འཕར་རྒྱུ་ཡིན་པ་ཚོད་དཔག་བྱེད། ཧོང་ཀོང་གཞུང་གིས་དོན་རྐྱེན་འདི་ལ་ཞིབ་འཇུག་ཆེད། རང་དབང་ལྡན་པའི་ཚོགས་ཆུང་ཞིག་འཛུགས་རྒྱུའི་བཀའ་བཏང་།

ཧོང་ཀོང་སྤྱི་ཁྱབ་ཀྱིས། ང་ཚོས་ནོར་འཁྲུལ་ངོས་འཛིན་གྱིས། མ་འོངས་པར་འདི་འདྲ་བསྐྱར་དུ་མི་འབྱུང་རྒྱུ་ཁག་ཐེག་བྱ་དགོས་པ་བཤད། ད་ལྟ་བར་དོན་རྐྱེན་འདི་དང་འབྲེལ་འཛུགས་སྐྲུན་ཁེ་གཉེར་ཞིག་གི་ལས་བྱེད་ 3 བཅས་ཁྱོན་མི་ 13 བཟུང་། དེ་དང་ལྷན་རང་དབང་གིས་ཞིབ་འཇུག་དགོས་ཞེས། མི་དམངས་ཁྲོད་མིང་རྟགས་བསྡུ་རུབ་བྱེད་མཁན་ན་གཞོན་ལོ་ན་ 24 ཅན་ཞིག་དང་། མི་གཞན་ 2 བཅས་བཟུང་ཞིང་། དོན་རྐྱེན་འདི་ཆབ་སྲིད་ཀྱི་ངོ་བོར་འགྱུར་རྒྱུར་རྒྱ་ནག་གཞུང་དང་། དེའི་ཁ་བཀོད་འོག་ཡོད་པའི་ཧོང་ཀོང་ས་གནས་གཞུང་གཉིས་སྐྲག་བཞིན་པ་གསལ།

མེ་སྐྱོན་འདི་ཆུ་ཚོད་ 40 རིང་དེ། གཟའ་པ་སངས་ཉིན་གྱི་ཞོགས་པ་བར་མགོ་ཡོངས་སུ་གནོན་མ་ཐུབ་ཅིང་། ཐེངས་འདིར་མེ་གསོད་རུ་ཁག་གི་མི་ 2,000 ལས་མང་བ་ཞུགས་ཟིན་པ་གསལ། ཕྱི་ལོ་ 1948 ལོར་ཧོང་ཀོང་དུ་མེ་སྐྱོན་ཞིག་གི་རྐྱེན་པས་མི་ 176 བསད་ཟིན་པ་དང་། དེའི་རྗེས་སུ་ཐེངས་འདིའི་ཆག་སྒོ་ནི་ཆེ་ཤོས་དེ་གྱུར།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག