Homeརྒྱལ་སྤྱི།འཆི་མེད་རིལ་བུ་འཚོལ་བ། 

འཆི་མེད་རིལ་བུ་འཚོལ་བ། 

Date:

(རྒྱ་ནག་ཧྲིན་ཀྲིན་དུ་རྟེན་གཞི་བྱས་པའི་སྐྱེ་ཁམས་བརྟག་དཔྱད་དང་ཞིབ་འཇུག་ཁང་ཞིག་གིས། ན་ཚོད་རྒས་རྒྱུ་སྔོན་འགོག་གི་སྨན་ཞིག་བཟོ་བཞིན་པའི་གནས་ཚུལ་ཐོན།)

ད་ལོའི་ཕྱི་ཟླ་ 9 བའི་ནང་རཱ་ཤི་ཡའི་སྲིད་འཛིན་ཕུ་ཀྲན་དང་། བྱང་ཀོ་རེ་ཡའི་དབུ་ཁྲིད་ཀེམ་ཇོང་ཨུན། རྒྱ་ནག་གི་སྲིད་འཛིན་ཞེ་ཅེན་ཕིན་གསུམ་དཔུང་བ་མཉམ་གཤིབ་ཀྱིས་འགྲོ་བཞིན་པའི་སྐབས། ཞེ་ཅེན་ཕིན་དང་ཕུ་ཀྲན་གཉིད་ཀྱིས། གཏན་ནས་འཆི་རྒྱུ་མེད་པའམ་མིའི་ཚེ་རིང་དུ་གཏོང་རྒྱུའི་སྐོར་ལ་གླེང་མོལ་བྱེད་བཞིན་པ་བརྙན་ལམ་དུ་ཐེབས་ཟིན་པ་ལྟར། ནེའུ་ཡོག་དུས་བབ་སྟེང་གནས་ཚུལ་བཀོད་པ་ལྟར་ན། དོན་དངོས་སུ་ཉེ་དུས་ནས་རྒྱ་ནག་ཧྲང་ཧེ་དང་ཧྲིན་ཀྲིན་སོགས་སུ་འདིའི་སྐོར་ལ་དམིགས་བསལ་དོ་སྣང་དང་། ཆེད་མཁས་པ་ཚོས་ཚོགས་འདུ་སོགས་ཚོགས་ཀྱང་ཚོགས་ཡོད་པའི་གནས་ཚུལ་ཐོན། ཧྲིན་ཀྲིན་དུ་རྟེན་གཞི་བྱས་པའི་སྐྱེ་ཁམས་བརྟག་དཔྱད་དང་ཞིབ་འཇུག་ཁང་ཞིག་གིས། ན་ཚོད་རྒས་རྒྱུ་སྔོན་འགོག་གི་སྨན་ཞིག་བཟོ་བཞིན་པའི་གནས་ཚུལ་ཐོན།

རྒུན་འབྲུམ་གྱི་རྫས་ནས་བཟོས་པའི་སྨན་འདི་ཚོད་ལྟ་ལྟར་ན། མིའི་གཟུགས་པོ་རྒས་བྱེད་ཀྱི་ཕྲ་ཕུང་འདིས་འཇོམས་ཐུབ་པ་བཤད། ཞིབ་འཇུག་ཁང་འདིའི་ཚན་རིག་པ་གཙོ་བོས། ལོ་ངོ་ 150 བར་འཚོ་ཐུབ་པ་བཟོ་རྒྱུ་ནི། མངོན་གྱུར་འབྱུང་ཆོག་པ་ཞིག་ཡིན་པ་དོན་དངོས་རེད་ཅེས་བཤད། སྐབས་དེར་ཞེ་ཅེན་ཕིན་དང་ཕུ་ཀྲན་གཉིས་ཀྱི་གླེང་མོལ་སྐབས་ཀྱང་། ཕུ་ཀྲན་གྱིས་གཏན་ནས་འཆི་རྒྱུ་མེད་པ་བཟོ་ཐུབ་སྲིད་པ་བཤད་པར། ཞེ་ཅེན་ཕིན་གྱིས་ལོ་ 150 བར་འཚོ་ཐུབ་རྒྱུ་སྲིད་པ་ཡིན་ཚུལ་བཤད། རྒྱ་ནག་གཅིག་གྱུར་བྱེད་མཁན་གྱི་གོང་མ་དང་པོ་ཆིན་ཧྲི་ཧོང་གིས་ཀྱང་། དུས་གཏན་དུ་འཚོ་ཆེད་འཆི་མེད་རིལ་བུ་ཟེར་བ་ཞིག་འཙལ་ཅིང་། གསོལ་དཔྱད་མཁས་པ་འདྲ་མིན་བསྟེན་ཅིང་མཐར་ནང་དུ་དངུལ་ཆུ་སོགས། རྫས་ཉེན་ཁ་ཅན་འདྲེས་པའི་རིལ་བུ་འཐུང་རྐྱེན།ལོ་ན་ 49 ཡི་སྟེང་ཚེ་མ་ཟིན་པའི་ལོ་རྒྱུས་ཡོད་པ་བཤད། 

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག