Homeརྒྱལ་སྤྱི།ཡུ་རོབ་ཀྱིས་གྷི་རེན་ལན་ཀྲིའི་སྟེང་དམག་མི་བཏང་། 

ཡུ་རོབ་ཀྱིས་གྷི་རེན་ལན་ཀྲིའི་སྟེང་དམག་མི་བཏང་། 

Date:

ཧྥ་རན་སིས་དམག་མི་ 15 དང་། མཇར་མན་གྱིས་ 13 ། ནོར་ཝེ་ཡི་དམག་མི་ 2 དང་ནེ་རྡར་ལན་ཀྲི་ཡི་དམག་མི་1 ། དབྱིན་ཇིས་དམག་མི་ 1 བཅས་གྷི་རེན་ལན་ཀྲིའི་སྟེང་བཏང་། 

ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས། གྷི་རེན་ལན་ཀྲི་གླིང་ཕྲན་དེ་ཨ་རིའི་བདེ་སྲུང་ལ་གལ་ཆེན་ཡིན་པས། རྣམ་པ་གང་རུང་གི་སྒོ་ནས་གླིང་ཕྲན་འདི་ཐོབ་ཐབས་བྱ་རྒྱུ་ཡིན་ཞེས་ཤོད་བཞིན་པ་དང་། ཡུ་རོབ་ཀྱི་དབུ་ཁྲིད་ཚོས་འདིའི་ཐད་སེམས་ཁྲལ་ངོ་མ་བྱེད་བཞིན་པའི་གནས་ཚུལ་ཐོན་ཟིན་པ་ལྟར། དབྱིན་ཇི་དང་ཧྥ་རན་སི། མཇར་མན་དང་ནོར་ཝེ། ཧྥིན་ལན་ཀྲི་དང་སི་ཝེ་སྒྲན་བཅས་ཀྱིས། དམག་མི་སྐོར་ཞིག་གྷི་རེ་ལན་ཀྲིའི་སྟེང་བཏང་།

དེ་དག་གི་ཁྲོད་ཧྥ་རན་སིའི་དམག་མི་ 15 དང་། མཇར་མན་གྱིས་ 13 ། ནོར་ཝེ་ཡི་དམག་མི་ 2 དང་ནེ་རྡར་ལན་ཀྲི་ཡི་དམག་མི་1 ། དབྱིན་ཇིས་དམག་མི་ 1 བཏང་ཟིན་པ་གསལ། འདི་ནི་གྲངས་ཀའི་ཆ་ནས་ཧ་ཅང་ཉུང་ངུ་ཞིག་ཡིན་ཡང་མཚོན་བྱེད་ཀྱི་ཆ་ནས་གལ་ཆེན་ཞིག་ཏུ་གྱུར་ཅིང་། ནུབ་ཆིངས་རྒྱལ་ཁབ་ཅིག་ལ་ནུབ་ཆིངས་རྒྱལ་ཁབ་གཞན་ཞིག་གིས་ཚུར་རྒོལ་བྱ་སྲིད་པའི་ཉེན་ཁ་ཟློག་ཆེད་དུ་གྱུར།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས་གྷི་རེན་ལན་ཀྲི་དང་འབྲེལ། ཛ་དྲག་ཚོགས་འདུ་ཞིག་བསྐོངས་ཟིན་པ་རོའུ་ཀྲར་གསར་ཤོག་གིས་གནས་ཚུལ་བཀོད། ཕོ་བྲང་དཀར་པོའི་མགྲིན་ཚབ་པས། ཡུ་རོབ་ཀྱིས་གྷི་རེན་ལན་ཀྲིའི་སྟེང་དམག་མི་བཏང་བ་འདིས། སྲིད་འཛིན་གྱི་ཐག་གཅོད་གང་འདྲ་བྱེད་མིན་ལ་ཤུགས་རྐྱེན་ཐེབས་རྒྱུ་ཡིན་པ་མི་འདོད་ཅེས་བཤད།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག