Homeརྒྱལ་སྤྱི།ཡུ་རོབ།ཡུ་རོབ་དང་རཱ་ཡུའི་དམག་འཁྲུག

ཡུ་རོབ་དང་རཱ་ཡུའི་དམག་འཁྲུག

Date:

བདུན་ཕྲག་འདིའི་ནང་ཡུ་ཁུ་རན་གྱི་རྒྱལ་ནང་དུ་ལྐོག་ཟའི་གནད་དོན་ཆེན་པོ་ཞིག་ཕྱིར་བཏོན་ཅིང་། དེའི་ཁྲོད་སྲིད་འཛིན་ཛེ་ལན་སི་ཀེ་རང་གི་ཐག་ཉེའི་ལས་བྱེད་དང་། ཁོ་ལ་རྒྱབ་སྐྱོར་བྱེད་མཁན་གྱི་ཚོང་པ་ཆེན་པོ་བཅས་ཚུད་པས། གནས་ཚུལ་འདིས་ཡུ་ཁུ་རན་གྱི་མི་དམངས་ཁྲོད་གྲགས་འགུལ་ཆེན་པོ་བཟོས། 

•. ཁ་སང་རཱ་དམག་གིས། ཡུ་ཁུ་རན་གྱི་རྒྱལ་ས་ཁེ་ཝུ་གཙོས་ས་ཁུལ་དག་ལ་བྷ་ལི་སི་ཀྲི་ཁི་འཕུར་མདའ་དང་། སྒྲི་རོན་གྱིས་གཏོར་རྒོལ་ཁྲོད་མི་སེར་གྱི་འཆི་གྲངས་ 9 ལ་འཕར་ཅིང་དེ་བཞིན་རྨས་མའི་གྲངས་ 53 ལ་འཕར། ལོ་འདིར་ད་ལྟ་བར་རཱ་དམག་གིས་ཤུགས་ཆེན་བེད་སྤྱོད་བྱེད་བཞིན་པ། གཏོར་རྒོལ་གྱི་ནུས་པ་ཆེ་ལ་རིན་གོང་ཆུང་བའི་གྷི་ལ་ཀྲེ་འགད་རྫས་(glide bomb)གྲངས་ 120,000 བཟོ་འཆར་ཡོད་པ་དང་། དེའི་ཁྲོད་ཐག་རིང་སྙོབས་པའི་འགད་རྫས་གྲངས་ 500 ཚུད་ཡོད་པ་བཤད།

•. ཡུ་དམག་གིས། རཱ་ཤི་ཡའི་རེ་ཛན་ས་ཁུལ་གྱི་རྡོ་སྣུམ་བཟོ་གྲྭ་ཞིག་དང་། བྷེལ་གྷོ་རོ་ཀྲི་ས་ཁུལ་གྱི་རླངས་རྫས་བསྟི་གནས་ཤིག ཝོ་རོ་ནེ་ཤི་ས་ཁུལ་གྱི་རྫས་སྦྱོར་བཟོ་གྲྭ་ཞིག་བཅས་ལ་གཏོར་རྒོལ་བྱས། ཡུ་ཁུ་རན་ལྟར་ན། བཟོ་གྲྭ་འདི་ནི་རཱ་ཤི་ཡའི་ཨེ་སི་ཀན་ཀྲར་འཕུར་མདའི་འཕྲུལ་ཆས་སོགས་བཟོ་བཞིན་པ་བཤད། ཁ་སང་ཡུ་དམག་གིས། རཱ་ཤི་ཡའི་ནོ་ཝོ་རོ་སེ་སི་ཀེར་ཡོད་པ། རྡོ་སྣུམ་གྲུ་ཁ་ཆེན་པོ་ཞིག་ལ་གཏོར་རྒོལ་བྱས་ཟིན་པ་ལྟར། དེ་དང་ལྷན་འཕུར་མདའི་གོ་མཛོད་ཅིག་དང་། གནམ་སྲུང་མ་ལག་ S-400 ཅིག་བཅས་ལའང་གཏོར་རྒོལ་བྱས་ཟིན་པ་བཤད།

•. ཡུ་ཁུ་རན་གྱི་གསང་བའི་ལས་ཁུངས་ལྟར་ན། ད་ལོའི་ལོ་མཇུག་བར་དུ་རཱ་ཤི་ཡས། བྱང་ཀོ་རེ་ཡའི་མི་ 12,000 ཡས་མས་ཤིག་སྒྲི་རོན་བཟོ་གྲྭ་སོགས་སུ་ལས་ཀའི་ཆེད་འཁྲིད་ཡོང་རྒྱུའི་འཆར་གཞི་ཡོད་པ་བཤད། ཡིན་ན་ཡང་། ལོ་འདིར་བྱང་ཀོ་ཡས་རཱ་ཤི་ཡར། སྒྱོགས་མདེལ་སོགས་གཏོང་ཚད་བརྒྱ་ཆ་ཕྱེད་ཀ་མར་བཅག་ཟིན་ཅིང་། ལྷག་པར་དུ་ཕྱི་ཟླ་ 9 ནང་བཏང་མེད་པ་དང་། ད་ལོར་གང་བཏང་བ་ལས་བརྒྱ་ཆ་མང་པོ་ཞིག་ནི། དུས་ཚོད་ཡོལ་ཟིན་པའི་གོ་ལག་རྙིང་པ་ཡིན་པ་བཤད། ལྷོ་ཀོ་རེ་ཡའི་གསང་ལས་ལྟར་ན། བྱང་ཀོ་རེ་ཡས་རཱ་ཤི་ཡར་རོགས་དམག་བཏང་ཟིན་ནའང་། རཱ་ཤི་ཡས་ཕར་བྱང་ཀོ་རེ་ཡར་སྤྲད་པ་ནི་ཧ་ཅང་ཚད་ཅན་ཞིག་ཡིན་པས། གནས་ཚུལ་འདི་ལ་བྱང་ཀོ་རེ་ཡ་དགའ་མེད་པའི་གནས་ཚུལ་ཐོན།

•. བདུན་ཕྲག་འདིའི་ནང་ཡུ་ཁུ་རན་གྱི་རྒྱལ་ནང་དུ་ལྐོག་ཟའི་གནད་དོན་ཆེན་པོ་ཞིག་ཕྱིར་བཏོན་ཅིང་། དེའི་ཁྲོད་སྲིད་འཛིན་ཛེ་ལན་སི་ཀེ་རང་གི་ཐག་ཉེའི་ལས་བྱེད་དང་། ཁོ་ལ་རྒྱབ་སྐྱོར་བྱེད་མཁན་གྱི་ཚོང་པ་ཆེན་པོ་བཅས་ཚུད་པས། གནས་ཚུལ་འདིས་ཡུ་ཁུ་རན་གྱི་མི་དམངས་ཁྲོད་གྲགས་འགུལ་ཆེན་པོ་བཟོས་པ་མ་ཟད། ཡུ་ཁུ་རན་ལ་རྒྱབ་སྐྱོར་བྱེད་མཁན་གྱི་ཡུ་རོབ་རྒྱལ་ཁབ་མང་པོས་ཀྱང་། གནས་ཚུལ་འདི་གསལ་བོར་བཟོ་དགོས་པའི་དགོས་འདུན་བཏོན།

•. ལྐོག་ཟར་རྒོལ་བའི་ཚོགས་པ་ནཱ་བྷུ་(NABU)ཡིས། ཕྱི་སྲིད་བློན་ཆེན་གཞོན་པ་ཟུར་བ། ཆེར་ནེ་ཤོ་ཝི་(Oleksiy Chernyshov)
ཞེས་པ་འཛིན་རྒྱུའི་ཡིག་ཆ་ཞིག་གཞུང་ལ་ཕུལ། ཁོས་ཡུ་ཁུ་རན་གྱི་ནུས་པའི་ཁེ་གཉེར་ཆེན་མོ་ཞིག་བརྒྱུད་དངུལ་སྒོར་ཕོན་ཆེན་ལྐོག་ཟ་བྱས་ཡོད་པའི་དོགས་པ་བྱུང་། མི་འདི་ནི་ཛེ་ལན་སི་ཀེ་དང་ཐད་ཀར་འབྲེལ་ཐག་ཉེ་བ་གསལ།

•. ད་ལོའི་དབྱར་ཀར་མི་འདི་ལ་དོགས་པ་བྱུང་བ་དང་། ཛེ་ལན་སི་ཀེ་གཞུང་གིས། ལྐོག་ཟར་རྒོལ་བའི་རང་དབང་ཅན་གྱི་ཚོགས་པ། ནཱ་བྷུ་ཞེས་པ་འདི་མེད་པ་བཟོ་རྒྱུར་འབད་པ་བྱས་ཤིང་། ཐ་ན་གྲོས་ཚོགས་སུ་ཚོགས་པ་འདི་མེད་པ་བཟོ་རྒྱུར་ཁྲིམས་ཀྱང་བཟོས། ཡིན་ན་ཡང་། དེ་ལ་ཡུ་ཁུ་རན་གྱི་མི་དམངས་ཁྲོད་ངོ་རྒོལ་དང་། ནུབ་ཕྱོགས་རྒྱལ་ཁབ་དག་གིས་ཀྱང་གནོན་ཤུགས་སྤྲད་མཐར། རང་དབང་ཅན་གྱི་ཚོགས་པ་འདི་བསྐྱར་གསོ་བྱེད་ཐུབ་པར་གྱུར། སྔ་ཕྱིའི་གནསགནས་ཚུལ་འདི་དག་གིས། རྒྱལ་སྤྱིའི་སྟེང་གི་ཛེ་ལན་སི་ཀེའི་སྣང་བརྙན་ལ་གནོད་པ་ཚབས་ཆེན་བསྐྱལ།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག