Homeརྒྱལ་སྤྱི།ཡུ་རོབ།ཡུ་རོབ་དང་རཱ་ཡུའི་དམག་འཁྲུག

ཡུ་རོབ་དང་རཱ་ཡུའི་དམག་འཁྲུག

Date:

གཟའ་ཉི་མའི་ཉིན། ཕོ་ལན་ཀྲི་ནས་ཡུ་ཁུ་རན་ལ་ནུབ་ཕྱོགས་ཀྱི་གོ་ལག་སྐྱེལ་སའི་མེ་འཁོར་ལྕགས་ལམ་ཞིག་ལ་གཏོར་རྒོལ་ཐེབས་ཟིན་པ་ལྟར། དེའི་རྒྱབ་ཏུ་རཱ་ཤི་ཡའི་གསང་ལས་ཡོད་པ་ཕོ་ལན་ཀྲི་གཞུང་གིས་བཤད།

•. མདང་དགོང་རཱ་དམག་གིས། ཡུ་ཁུ་རན་གྱི་སྒྲི་ནེ་པུར་ས་ཁུལ་ལ་མཁའ་ཐོག་ནས་གཏོར་རྒོལ་ཁྲོད། མེ་འཁོར་ས་ཚུགས་ཤིག་དང་བཟོ་གྲྭ་ཞིག་བཅས་ལ་གཏོར་རྒོལ་བྱས། དེ་བཞིན་གཞུང་འབྲེལ་གྱི་གསར་འགྱུར་ཁང་ཞིག་ལ་གཏོར་རྒོལ་ཐེབས་ཟིན་པའི་གནས་ཚུལ་ཐོན།

•. རཱ་ཤི་ཡའི་ཨོམ་སི་ཀི་ས་ཁུལ་གྱི་རླངས་རྫས་ལྕགས་སྦུག་ཅིག་ལ་གས་འཐོར་ཆེན་པོ་བྱུང་། མེ་ལྕེ་ཤུགས་ཆེན་མཆེད་རྐྱེན་ཉེ་འཁོར་གྱི་ས་མི་ཀྲར་ 300 ཡས་མས་སུ་མེས་ཁྱབ་ཟིན་པའི་གནས་ཚུལ་ཐོན། རྒྱུ་རྐྱེན་གང་ཡིན་ཞིབ་ཕྲ་མི་གསལ།

•. ཁ་སང་ཡུ་ཁུ་རན་གྱི་སྲིད་འཛིན་ཛེ་ལན་སི་ཀེ་ཧྥ་རན་སིའི་རྒྱལ་ས་ཕེ་རི་སིར་འབྱོར། ཧྥ་རན་སི་དང་ཡུ་ཁུ་རན་བར་བདེ་སྲུང་དང་འབྲེལ་བའི་ཡིག་ཆ་ཞིག་བཞག་ཅིང་། དེའི་ཁྲོད་ཕྱི་ལོ་ 2035 བར་ཡུ་ཁུ་རན་གྱིས་ཧྥ་རན་སའི་འཐབ་འཛིང་གནམ་གྲུ་རཱ་ཧྥེལ་གྲངས་ 100 ཉོ་རྒྱུ་བཅས་ཚུད། གཞན་ཡང་ཧྥ་རན་སིའི་གནམ་སྲུང་མ་ལག་ SAMP-T ཉོ་རྒྱུའི་ཡིག་ཆའང་བཞག ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས། མུ་མཐུད་དུ་ཡུ་ཁུ་རན་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་བཤད།

•. བྷི་ལུམ་བྷར་གྷི་སྟེང་གནས་ཚུལ་བཀོད་པ་ལྟར་ན། ཡུ་རོབ་ཀྱིས་ཡུ་ཁུ་རན་ལ་རོགས་སྐྱོར་ཆེད། ཁོ་ཚོའི་དངུལ་ཁང་དག་ཏུ་བཀག་ཡོད་པའི་རཱ་ཤི་ཡའི་དངུལ་སྒོར་གཏོང་རྒྱུའི་ཐད་ནང་ཁུལ་གྲོས་མ་མཐུན་ཚེ། ཡུ་རོབ་རང་གིས། ཡུ་ཁུ་རན་ལ་རོགས་སྐྱོར་ཡུ་སྒོར་ཐེར་འབུམ་ €90 གྲ་སྒྲིག་བྱ་རྒྱུའི་འཆར་གཞི་ཡོད་པ་བཤད། རཱ་ཤི་ཡའི་དངུལ་སྒོར་ཕལ་ཆེ་བ་སྦེལ་རྗམ་གྱི་དངུལ་ཁང་དུ་ཡོད་རྐྱེན། ད་ལྟ་བར་སྦེལ་རྗམ་གྱིས་རཱ་ཤི་ཡའི་དངུལ་སྒོར་བེད་སྤྱོད་བྱ་རྒྱུར་ཁས་མ་བླངས།

•. སང་ཉིན་གཟའ་ལྷག་པའི་ཉིན། ཡུ་ཁུ་རན་གྱི་སྲིད་འཛིན་ཛེ་ལན་སི་ཀེ་ཏུར་ཀེ་རུ་སླེབས་བཞིན་པ་དང་། དེར་ཁོ་དང་ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུའི་སྐུ་ཚབ། ཝེ་ཀྲི་ཀོ་ཧྥི་གཉིས་ཐུག་རྒྱུ་ཡིན་པའི་གནས་ཚུལ་ཐོན། གཙོ་བོ་དམག་འཁྲུག་མཚམས་འཇོག་དང་། རཱ་ཡུ་གཉིས་བར་བཟུང་དམག་བརྗེ་རེས་སྐོར་སྐད་ཆ་བཤད་རྒྱུ་ཡིན་པའི་གནས་ཚུལ་ཐོན། ཡིན་ན་ཡང་ནང་དོན་ཞིབ་ཕྲ་ཕྱིར་མ་བསྒྲགས།

•. གཟའ་ཉི་མའི་ཉིན། ཕོ་ལན་ཀྲི་ནས་ཡུ་ཁུ་རན་ལ་ནུབ་ཕྱོགས་ཀྱི་གོ་ལག་སྐྱེལ་སའི་མེ་འཁོར་ལྕགས་ལམ་ཞིག་ལ་གཏོར་རྒོལ་ཐེབས་ཟིན་པ། ཕོ་ལན་ཀྲིའི་སྲིད་བློན་གྱིས་བཤད་ཟིན་པ་ལྟར། དེའི་རྗེས་ཕོ་ལན་ཀྲིའི་བདེ་སྲུང་མགྲིན་ཚབ་པ་ལས་བྱེད་ཅིག་གིས། ཕྱོགས་གང་ནས་བལྟས་ཀྱང་གཏོར་རྒོལ་འདིའི་རྒྱབ་ཏུ་རཱ་ཤི་ཡའི་གསང་བའི་ལས་ཁུངས་འདུང་ཅེས་བཤད། འདི་ནི་གཙོ་བོ་དམངས་སེམས་དཀྲུག་ཐབས་དང་། མི་དམངས་ཀྱིས་གཞུང་ལ་ཡིད་ཆེས་རློག་ཏུ་འཇུག་ཆེད་རེད། ཅེས་ཕོ་ལན་ཀྲིའི་སྲིད་བློན་གྱིས་བཤད།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག