Homeརྒྱལ་སྤྱི།ཡུ་རོབ།ཡུ་རོབ་དང་རཱ་ཡུའི་དམག་འཁྲུག

ཡུ་རོབ་དང་རཱ་ཡུའི་དམག་འཁྲུག

Date:

ཨ་རིའི་སྲིད་འཛིན་་སྒྲོ་ནལ་ཁྲི་རམ་ཕུ་སྲིད་གཞུང་གིས། ཕྱི་ལོ་ 2014 ལོར་རཱ་དམག་གིས་བཟུང་ཟིན་པ། ཡུ་ཁུ་རན་གྱི་ཁི་རཱ་མེ་ཡ་གླིང་ཕྲན་དང་། ད་ལྟ་རཱ་དམག་གིས་བཟུང་ཡོད་པའི་ཡུ་ཁུ་རན་གྱི་ས་ཆ་གཞན་དག་རཱ་ཤི་ཡའི་མངའ་ཁོངས་སུ་གྱུར་ཟིན་པ་ཁས་ལེན་རྒྱུ་ཡིན་པ་བཤད།

•. མདང་དགོང་དང་དེ་རིང་ཞོགས་པར་རཱ་དམག་གིས། ཡུ་ཁུ་རན་གྱི་རྒྱལ་ས་ཁེ་ཝུ་གཙོ་བོ་དམིགས་འབེན་དུ་བཟུང་ནས། འཕུར་མདའ་དང་སྒྲི་རོན་གྱིས་གཏོར་རྒོལ་དྲག་པོ་བྱས། ཐེངས་འདིའི་གཏོར་རྒོལ་ཁྲོད་མི་སེར་ 2 བསད་ཅིང་ 37 རྨས། རྒྱལ་ས་ཁེ་ཝུའི་སྡོད་མི་འབུམ་ 6 གམ། གྲོང་ཁྱེར་གྱི་ཕྱེད་ཀར་གློག་བཅད་ཟིན་པ་བཤད། ཐེངས་འདིའི་གཏོར་རྒོལ་ཁྲོད་རཱ་དམག་གིས། སྒྲི་རོན་ 596 དང་འཕུར་མདའ་འདྲ་མིན་གྲངས་ 36 འཕངས་ཟིན་པ་ཡུ་ཁུ་རན་གྱིས་བཤད། གཞན་ཡང་སྒྲི་ནེ་པུར་གྲོང་ཁྱེར་དུའང་གཏོར་རྒོལ་ཐེབས།

•. ཡུ་དམག་གིས་མདང་དགོང་དེ་རིང་ཞོགས་པར། རཱ་ཤི་ཡའི་རྒྱལ་ནང་ལ་གཏོར་རྒོལ་ཁྲོད། ཁི་ར་སི་ནོ་རྡར་ས་ཁུལ་གྱི་རྡོ་སྣུམ་བཟོ་གྲྭ་ཞིག་ལ་གཏོར་རྒོལ་བྱས། འདི་ནས་རཱ་དམག་ལ་རྡོ་སྣུམ་སྐྱེལ་བཞིན་པ་བཤད། དེ་བཞིན་ཁི་རཱ་མེ་ཡ་གླིང་ཕྲན་སྟེང་གི་སཱ་ཀེ་གནམ་ཐང་ལ་གཏོར་རྒོལ་གྱིས། འདིར་ཡོད་པའི་དམག་དོན་བཀོད་འདོམ་ཁང་ཞིག་དང་། སྒྲི་རོན་མཉར་ས་ཞིག གནམ་སྲུང་མ་ལག་ Pantsir-S1 ཅིག་ཚུད་པའི་གནམ་སྲུང་མ་ལག་གཞན་བཅས་ལ་གཏོར་རྒོལ་བྱས་ཟིན་པ་ཡུ་ཁུ་རན་གྱིས་བཤད།

•. དེ་བཞིན་ཡུ་དམག་གིས། རཱ་ཤི་ཡའི་ཐ་ཐར་སི་ཐན་ས་ཁུལ་གྱི་སྒྲི་རོན་བཟོ་བར་མཁོ་བའི་གློག་རྫས་མཛོད་ཁང་ཞིག་དང་། ཁཱ་ཛན་ས་ཁུལ་གྱི་གློག་ཁང་ཞིག་བཅས་ལ་གཏོར་རྒོལ་བྱས། འདས་པའི་ཉིན་ 3 རིང་ཡུ་དམག་གིས། རཱ་ཤི་ཡའི་རིན་ཐང་ཆེ་བའི་གནམ་སྲུང་མ་ལག་ Buk-M1 ཞིག་དང་། གནམ་སྲུང་མ་ལག་ Buk-M2 ཞིག ད་དུང་Tor-M2  ཞིག་བཅས་ལ་གཏོར་རྒོལ་བྱས་ཟིན་པ་བཤད། ཡུ་དམག་གིས། དེ་རིང་ཞོགས་པར་རཱ་ཤི་ཡའི་རྡོ་སྣུམ་སྐྱེལ་མཁན་གྲུ་གཟིངས་ 2 གཏོར་ཟིན་པ་ལྟར། ད་ལྟ་བརྙན་ཞིག་ཕྱིར་བཀྲམས་ཤིང་དེ་ལྟར་ན་ཡུ་དམག་གིས་མཚོ་ཐོག་སྒྲི་རོན་སྤྱད་ཟིན་པ་གསལ།

•. ཡུ་ཁུ་རན་གྱི་སྲིད་འཛིན་ལས་ཁུངས་ཀྱི་ཆེས་མཐོའི་ལས་བྱེད། ཨན་རྡི་རེ་ ཡེར་མག་ལ་ལྐོག་ཟ་དང་འབྲེལ་ཞིབ་འཇུག་བྱས་རྗེས་སུ། ཁ་སང་ཁོས་རང་གི་ལས་གནས་ནས་དགོངས་པ་ཞུས་ཟིན་པ་ལྟར། དེའི་རྗེས་སུ་ཁོས།ང་(གཡུལ་སའི་?)མདུན་ངོས་ལ་འགྲོ་བཞིན་ཡོད། ཅི་ཞིག་བྱུང་ནའང་ང་ལ་གྲ་སྒྲིག་ཡོད། ང་ནི་མི་དྲང་པོ་དང་སྤྱོད་བཟང་ཞིག་ཡིན། ངས་ཁྱེད་ཀྱི་(ཁ་པར་སོགས།)ལ་ལན་རྒྱག་མི་ཐུབ་པར་དགོངས་སེལ་ཞུ། ངས་ཡུ་ཁུ་རན་ལ་ཞབས་ཞུ་བསྒྲུབས་པ་ཡིན། ཕྱི་ལོ་ 2024 ཟླ་ 2 ཚེས་ 24 ཉིན་ང་ཁེ་ཝུར་ཡོད། གཅིག་བྱས་ན་ང་ཚོ་བསྐྱར་དུ་ཐུག་ཡོང་ཞེས་བྲིས།

•. དོན་ལ་ཁོས་ཕྱི་ལོ་ 2022 ལོར་རཱ་དམག་གིས་ཐོག་མར་བཙན་འཛུལ་སྐབས། ཁོ་རྒྱལ་སར་བསྡད་པ་ཡིན་ཞེས་བཤད་ཡིན་པ་འདྲ། ཁ་སང་གནས་ཚུལ་དེ་ལྷག་སྐབས། དོན་དངོས་སུ་ཁོས་འགོ་འཁྲིད་པའི་སྐུ་ཚབ་ཚོ་ཨ་རིའི་མཱ་ཡ་མེ་གྲོང་ཁྱེར་དུ་གྲོས་མོལ་ཆེད་འགྲོ་བཞིན་པའི་སྐབས་དང་འཁེལ། གློ་བུར་བའི་འགྱུར་བ་འདིས་གནས་ཚུལ་མང་པོ་ཞིག་ངེས་གཏན་མེད་པ་བཟོས་ཟིན་པའི་གནས་ཚུལ་ཐོན། དབྱིན་ཇིའི་ཀྲེ་ལེ་གྷི་ར་ཧྥི་གསར་ཤོག་ལྟར་ན། ཡེར་མག་གནས་དབྱུང་གཏོང་དགོས་ཞེས། ཨ་རིའི་སྒྲོ་ནལ་ཁྲི་རམ་ཕུ་སྲིད་གཞུང་གིས་ཛེ་ལན་སི་ཀེར་སློབ་སྟོན་བྱས་ཟིན་པ་བཤད། ཐེངས་འདིར་ལྐོག་ཟར་ཞིབ་འཇུག་བྱེད་མཁན་ཚོའི་ལག་ཏུ་ཁ་པར་དང་། གློག་ཀླད་སོགས་ཤོར་ཟིན་པ་གསལ།

•. ཐེངས་འདིའི་དོན་རྐྱེན་འདི་དང་བསྟུན། ཡུ་ཁུ་རན་གྱི་ཆེས་མཐོའི་ཆབ་སྲིད་པའི་ཁྲོད་འགྱུར་བ་ཆེན་པོ་ཞིག་གཏོར་འཆར་ཡོད་པ་དང་།
ཨན་རྡི་རེ་ ཡེར་མག་གི་ཚབ་ཏུ། ད་ལྟའི་སྲིད་བློན་ལྕམ་ཡུ་ལེ་ཡ་ སི་ཝེ་རེ་རྡེན་ཁོ་(Yulia Svyrydenko)འཇོག་རྒྱུའི་རྣམ་པ་འདུག་ཅེས་ཀྱང་བཤད། རཱ་ཤི་ཡའི་སྲིད་འཛིན་ལས་ཁུངས་ཀྱི་མགྲིན་ཚབ་པས། ལྐོག་ཟའི་དོན་རྐྱེན་འདིས་ཡུ་ཁུ་རན་གྱི་ཆབ་སྲིད་ལམ་ལུགས་ལ་གཡོ་འཁྱོམ་ཐེབས་བཞིན་ཡོད། འདི་ལ་མཇུག་འབྲས་ཧ་ཅང་ངན་པ་ཞིག་འབྱུང་ངེས་རེད་ཅེས། ཕུ་ཀྲན་གྱིས་གོ་སྐབས་འདི་དམ་འཛིན་གྱིས་ཛེ་ལན་སི་ཀེ་གཞུང་ཐང་ལ་རྒྱག་རྒྱུའི་འབད་པ་བྱ་རྒྱུ་ཡིན་པ་གསལ་བོར་གྱུར།

•. དེ་དང་ལྷན་དབྱིན་ཇིའི་ཀྲེ་ལེ་གྷི་ར་ཧྥི་གསར་ཤོག་གིས་གནས་ཚུལ་བཀོད་པ་ལྟར་ན། ཨ་རིའི་སྲིད་འཛིན་་སྒྲོ་ནལ་ཁྲི་རམ་ཕུ་སྲིད་གཞུང་གིས། ཕྱི་ལོ་ 2014 ལོར་རཱ་དམག་གིས་བཟུང་ཟིན་པ། ཡུ་ཁུ་རན་གྱི་ཁི་རཱ་མེ་ཡ་གླིང་ཕྲན་དང་། ད་ལྟ་རཱ་དམག་གིས་བཟུང་ཡོད་པའི་ཡུ་ཁུ་རན་གྱི་ས་ཆ་གཞན་དག་རཱ་ཤི་ཡའི་མངའ་ཁོངས་སུ་གྱུར་ཟིན་པ་ཁས་ལེན་རྒྱུ་ཡིན་པ་བཤད། བདུན་ཕྲག་རྗེས་མར་སྒྲོ་ནལ་ཁྲི་རམ་ཕུའི་སྐུ་ཚབ། ཝེ་ཀྲི་ཀོ་ཧྥི་རཱ་ཤི་ཡའི་རྒྱལ་སར་ཡོང་རྒྱུ་ཡིན་པ། རཱ་ཤི་ཡའི་སྲིད་འཛིན་ལས་ཁུངས་ཀྱི་མགྲིན་ཚབ་པས་གཏན་འཁེལ། འདི་ནི་ཆབ་སྲིད་དང་དམག་དོན་གཉིས་ཐད་ནས། ཛེ་ལན་སི་ཀེའི་གཞུང་དང་ཡུ་ཁུ་རན་ལ་ཧ་ཅང་ཉེན་ཁ་ཆེ་བའི་དུས་ཚོད་ཅིག་ཏུ་གྱུར།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག