Homeགལ་ཆེན་གསར་འགྱུར།ཡུ་རོབ་དང་རཱ་ཡུའི་དམག་འཁྲུག

ཡུ་རོབ་དང་རཱ་ཡུའི་དམག་འཁྲུག

Date:

༢༠༢༥/༡༢/༣༠ གཟའ་མིག་དམར།

རྒྱ་དཀར་ནག་གཉིས་ཀྱིས། ཕུ་ཀྲན་གྱི་སྡོད་གནས་ལ་གཏོར་རྒོལ་བྱས་ཡོད་མེད་ཐད་བློ་ཚབས་ཀྱི་རྣམ་འགྱུར་བསྟན་པ། 

སྐར་མ་ 40 ཡི་སྔོན་དུ་རྒྱ་གར་གྱི་སྲིད་བློན་མོ་དྷི་ཡིས། རཱ་ཤི་ཡའི་སྲིད་འཛིན་གྱི་སྡོད་གནས་གཏོར་རྒོལ་དམིགས་འབེན་དུ་འཛིན་བཞིན་པའི་གནས་ཚུལ་དེའི་ཐད་བློ་ཚབས་ཆེན་པོ་བྱུང་། ད་ལྟ་འགྲོ་བཞིན་པའི་གྲོས་མོལ་ནི་དམག་འཁྲུག་འདི་མཚམས་འཇོག་དང་། ཞི་བདེ་སྐྲུན་རྒྱུའི་ལམ་ཀ་དངོས་ཡོད་དང་ཐག་ཉེ་ཤོས་དེ་རེད། ཕྱོགས་ཚང་མས་འདི་ལ་དམིགས་པ་གཏོད་རྒྱུ་དང་། གྲོས་མོལ་འདི་ལ་གནོད་པའི་ལས་མི་རྩོམ་རྒྱུར་ང་ཚོས་འབོད་སྐུལ་དྲག་པོ་ཞུ་བཞིན་ཡོད་ཅེས་བྲིས།

རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས། ཕྱོགས་ཚང་མས་རྩ་དོན་གསུམ་འཛིན་རྒྱུར་ང་ཚོས་འབོད་སྐུལ་ཞུ་བཞིན་ཡོད། དང་པོ། རྙོག་གྲ་འདི་(དམག་འཁྲུག)རྒྱ་ཆེ་རུ་འགྲོ་རྒྱུ་སྔོན་འགོག གཉིས། ད་ལྟའི་གནས་སྟངས་སྡུག་ཏུ་གཏོང་རྒྱུར་གཡོལ་རྒྱུ། གསུམ། གནས་སྟངས་ཞི་འཇམ་དུ་དང་གྲོས་མོལ་གྱི་ཆ་རྐྱེན་སྐྲུན་ཆེད། གནས་ཚུལ་སྡུག་ཏུ་གཏོང་བའི་བྱ་སྤྱོད་དག་སྤེལ་མི་རུང་ཞེས་བཤད། ད་དུང་རྒྱ་ནག་གིས། གྲོས་མོལ་ནི་ཡུ་ཁུ་རན་གྱི་རྙོག་གྲ་མཇུག་བསྡུ་ཐབས་ཁོ་ན་དེ་རེད་ཅེས་བཤད།

ཕུ་ཀྲན་གྱི་སྡོད་གནས་ལ་གཏོར་རྒོལ་བྱས་ཡོད་མེད་ཀྱི་གནས་ཚུལ་སྐོར། དེ་རིང་ཞོགས་པར་རྒྱས་པ་བཀོད་ཟིན་པས་དེར་གཟིགས།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག