Homeརྒྱལ་སྤྱི།ཡུ་རོབ།ཡུ་རོབ་དང་རཱ་ཡུའི་དམག་འཁྲུག

ཡུ་རོབ་དང་རཱ་ཡུའི་དམག་འཁྲུག

Date:

ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས། ང་ཚོས་ཡང་བསྐྱར་རྒྱ་གར་གྱི་སྟེང་མགྱོགས་པོར་སྒོ་ཁྲལ་ཡར་སྤར་སྲིད་པ་ཡིན་ཞེས་ཉེན་བརྡ་བཏང་། སྒྲོ་ནལ་ཁྲི་རམ་ཕུ་སྲིད་གཞུང་གིས། རྒྱ་གར་གྱིས་རཱ་ཤི་ཡའི་རྡོ་སྣུམ་ཉོ་བཞིན་པ་རྒྱུ་མཚན་དུ་བགྲངས་ནས། རྒྱ་གར་གྱི་སྟེང་སྒོ་ཁྲལ་བརྒྱ་ཆ་ 25% བཅས་ཁྱོན་བརྒྱ་ཆ་ 50% བཀལ་ཟིན།

•. རཱ་དམག་གིས། ཡུ་ཁུ་རན་གྱི་རྒྱལ་ས་ཁེ་ཝུ་དམིགས་འབེན་གཙོ་བོར་བཟུང་ནས། སྒྲི་རོན་ 300 དང་བྷ་ལི་སི་ཀྲི་ཁི་འཕུར་མདའ་ 10 བཅས་ཀྱིས་གཏོར་རྒོལ་བྱས། གཞན་ཡང་ཁར་ཁེ་ཝུ་སོགས་ལ་གཏོར་རྒོལ་ཐེབས་ཤིང་། འདིའི་ཁྲོད་མི་སེར་ཞིག་བསད་ཅིང་སྒེར་གྱི་སྨན་ཁང་ཞིག་ལ་གཏོར་སྐྱོན་ཐེབས་ཟིན་པ་བཤད།

•. ཉེ་དུས་རཱ་དམག་གིས། ཡུ་ཁུ་རན་གྱི་རྡོ་ཉད་སི་ཀི་ས་ཁུལ་གྱི་རོ་སྒྲེན་སི་ཀེ་གྲོང་བརྡལ་(Rodynske)འཕྲོག་ཟིན་པ་བསྒྲགས་ཀྱང་། ཡུ་ཁུ་རན་གྱི་ཨ་ཛོ་ཝི་དམག་སྡེ་ལྟར་ན། གྲོང་བརྡལ་འདི་སྔར་བཞིན་ཡུ་དམག་གིས་བཟུང་ཡོད་པ་བསྒྲགས་ཤིང་། ལོ་སར་སྐབས་སུ་ཡུ་དམག་གིས། ཕོ་ཁི་རོ་ཝི་སི་གྲོང་ཁྱེར་གྱི་དབུས་ནས་ཤོག་སྦག་བརྒྱབས་པ་སོགས། གྲོང་ཁྱེར་འདིའི་དབུས་སུ་ད་དུང་ཡང་ཡུ་དམག་ཡོད་པའི་བརྡ་བཏང་།

•. རཱ་ཤི་ཡའི་སྲིད་འཛིན་ཕུ་ཀྲན་གྱིས། རཱ་དམག་གིས་ཡུ་ཁུ་རན་གྱི་ཁར་ཁེ་ཝི་ས་ཁུལ་གྱི་ཀུ་པན་སི་ཀི་གྲོང་བརྡལ་ཧྲིལ་བོ་འཕྲོག་ཟིན་བཅས་བསྒྲགས་ཀྱང་། གཡུལ་སའི་ས་ཁྲ་ལྟར་ན་ཡུ་དམག་གིས་གྲོང་བརྡལ་འདི་ཕལ་ཆེ་བ་ཕྱིར་འཕྲོག་ཟིན་པ་དང་། གྲོང་བརྡལ་འདིའི་ནང་དུ་ད་དུང་རཱ་དམག་སྐོར་ཞིག་ཡོད་པ་ཡུ་དམག་གིས་བསྐོར་ཟིན་པ་གསལ། ཡུ་ཁུ་རན་ལྟར་ན་ད་ལྟ་འདིར་རཱ་དམག་ 100 ལས་མང་བ་ཡོད་པ་དང་།ཡུ་དམག་གིས་དེ་དག་གཙང་མ་བཟོ་བཞིན་ཡོད་ཅེས་བསྒྲགས།

•. ད་ལྟ་ཀུ་པན་སི་ཀི་གྲོང་བརྡལ་འཕྲོག་རྩོད་ཀྱི་གཡུལ་སར། རཱ་ཤི་ཡས་དམག་མི་དང་གོ་ལག་མང་དུ་གཏོང་བཞིན་པ་དང་། གྲོང་བརྡལ་འདི་ད་ལོའི་ཕྱི་ཟླ་ 2 ནང་བར་ཕྱིར་འཕྲོག་དགོས་ཞེས། རཱ་ཤི་ཡའི་དམག་སྤྱི་ཚོས་དམག་མི་དག་ལ་བཀའ་བཏང་ཟིན་པའི་གནས་ཚུལ་ཐོན། ཡིན་ན་ཡང་། མདུན་དུ་མངགས་པའི་གོ་ལག་ལྗིད་པོ་དང་། དམག་མི་དག་ཡུ་དམག་གི་སྒྲི་རོན་གྱི་འབེན་དུ་འགྱུར་བཞིན་པའི་གནས་ཚུལ་ཐོན།

•. ཨ་རིར་རྟེན་གཞི་བྱེད་པའི་དམག་འཁྲུག་ལ་ཞིབ་འཇུག་བྱེད་མཁན་གྱི་ཚོགས་པ་(ISW)ཡིས་བསྒྲགས་པ་ལྟར་ན། འདས་པའི་ལོ་ངོ་ 2 ཀྱི་རིང་ཕོ་ཁི་རོ་ཝི་སི་ཀི་གྲོང་ཁྱེར་གྱི་ཕྱོགས་སུ། རཱ་དམག་གི་ཁྲབ་ལྡན་རླངས་འཁོར་ 1,000 ལས་མང་བ་དང་། ལྕགས་ཁྲབ་འཁོར་ལོ་ 500 ལས་མང་བ་ཤོར་ཟིན་པ་དང་། ལོ་སྔོན་མའི་ཕྱི་ཟླ་ 10 ནང་གཡུལ་ས་འདི་གཅིག་བུར། རཱ་དམག་གྲངས་ 25,000 ཤི་རྨས་ཐེབས་ཟིན་པ་ལ། ས་ཆ་སྤྱི་ལེ་གྲུ་གཞི་མ་གྲངས་ 30 ལས་འཕྲོག་མ་ཐུབ་པ་བཤད།

•. ཝ་ཤིན་ཀྲོན་གསར་ཤོག་སྟེང་གནས་ཚུལ་བཀོད་པ་ལྟར་ན། དམག་འཁྲུག་འདི་མཇུག་བསྡུས་རྗེས། གཅིག་བྱས་ན་ཛེ་ལན་སི་ཀེ་ཡང་བསྐྱར་སྲིད་འཛིན་དུ་ལངས་རྒྱུ་མིན་པའི་གནས་ཚུལ་བཀོད་ཅིང་། དེའི་རྗེས་སུ་ཡུ་ཁུ་རན་གྱི་དམག་དོན་གསང་ལས་ཀྱི་དབུ་ཁྲིད། དམག་སྤྱི་བྷུ་རྡ་ནོ་ཝི་སྲིད་སྟེགས་སུ་སླེབས་སྲིད་པ་བཤད། ཛེ་ལན་སི་ཀེ་ཡིས། གཡུལ་སའི་དམག་སྤྱི་ནས། གཞུང་གི་ཆེས་མཐོའི་ལས་བྱེད་བར་བརྗེ་སྒྱུར་ཆེན་པོ་ཞིག་བྱ་རྒྱུ་ཡིན་པ་བསྒྲགས། ཡིན་ན་ཡང་། སྤྱི་ཁྱབ་དམག་སྤྱི་ཆེན་མོ་སར་སི་ཀེ་བརྗེ་རྒྱུ་མིན་པའི་གནས་ཚུལ་ཐོན།

•. ཡུ་ཁུ་དང་ཨ་རིའི་བར་དམག་དོན་གྲོས་མཐུན་ཞིག་འཇོག་རྒྱུའི་རག་ཟིན་བཟོས་ཟིན་པ་དང་། དེའི་ཁྲོད་ཡུ་དམག་ལ་རོགས་སྐྱོར་དང་ཡུ་དམག་གི་ནུས་ལ་དེང་རབས་ཅན་དུ་སྒྱུར་རྒྱུ་སོགས་ཚུད་ཡོད་པ་བཤད། ཡུ་ཁུ་རན་གྱི་གྲོས་ཚོགས་ཚོགས་གཙོས། རཱ་ཡུ་གཉིས་བར་དམག་འཁྲུག་མཚམས་འཇོག་དང་འབྲེལ། ཡུ་ཁུ་རན་གྱི་མི་དམངས་ཁྲོད་འོས་བསྡུ་ཞིག་བྱ་རྒྱུར་བསམ་བློ་གཏོང་བཞིན་པ་བཤད། ཛེ་ལན་སི་ཀེ་ཡིས། འབྱུང་འགྱུར་ཡུ་ཁུ་རན་ལ་སྤྲོད་རྒྱུའི་བདེ་སྲུང་ཁག་ཐེག་གི་ཆ་ཤས་གཙོ་བོ་ཞིག་ནི། དབྱིན་ཇི་དང་ཧྥ་རན་སིའི་དམག་མི་ཡུ་ཁུ་རན་དུ་འཇོག་རྒྱུ་དེ་ཡིན་ཞེས་བསྒྲགས།

•. ཉེ་དུས་ནས་སླར་ཡང་རྒྱ་གར་གྱི་རྡོ་སྣུམ་ཁེ་གཉེར་འགས། རཱ་ཤི་ཡ་ནས་རྡོ་སྣུམ་ཉོ་བཞིན་པའི་གནས་ཚུལ་ཐོན་ཅིང་། ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས། ང་ཚོས་ཡང་བསྐྱར་རྒྱ་གར་གྱི་སྟེང་མགྱོགས་པོར་སྒོ་ཁྲལ་ཡར་སྤར་སྲིད་པ་ཡིན་ཞེས་ཉེན་བརྡ་བཏང་། སྒྲོ་ནལ་ཁྲི་རམ་ཕུ་སྲིད་གཞུང་གིས། རཱ་ཤི་ཡའི་གཞུང་འབྲེལ་རྡོ་སྣུམ་ཁེ་གཉེར་ཆེན་པོ་ 2 གྱི་སྟེང་སྒོ་ཁྲལ་བཀལ་ཅིང་། རྒྱ་གར་གྱིས་རཱ་ཤི་ཡའི་རྡོ་སྣུམ་ཉོ་བཞིན་པ་རྒྱུ་མཚན་དུ་བགྲངས་ནས། རྒྱ་གར་གྱི་སྟེང་སྒོ་ཁྲལ་བརྒྱ་ཆ་ 25% བཅས་ཁྱོན་བརྒྱ་ཆ་ 50% བཀལ་ཟིན།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག