Homeརྒྱལ་སྤྱི།ཡུ་རོབ།ཡུ་རོབ་དང་རཱ་ཡུའི་དམག་འཁྲུག

ཡུ་རོབ་དང་རཱ་ཡུའི་དམག་འཁྲུག

Date:

དེ་རིང་སུད་སིར་སླེབས་པའི་ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་། ཡུ་ཁུ་རན་གྱི་སྲིད་འཛིན་ཛེ་ལན་སི་ཀེ་གཉིས་ཐུག་ཅིང་། སྐད་ཆ་ཆི་ཞིག་བཤད་ཟིན་པའི་ནང་དོན་ཞིབ་ཕྲ་མི་གསལ།

•. མདང་དགོང་རཱ་དམག་གིས། ཡུ་ཁུ་རན་གྱི་ས་ཁུལ་དག་ལ་འཕུར་མདའ་དང་། སྒྲི་རོན་གྱིས་གཏོར་རྒོལ་ཤུགས་ཆེན་བྱས་ཤིང་། ཐེངས་འདིར་རཱ་དམག་གིས། སྒྲི་རོན་ 372 དང་བྷ་ལི་སི་ཀྲི་ཁི་འཕུར་མདའ་
དང་། ཁི་རུ་སི་འཕུར་མདའ་བཅས་འཕངས། ཛེ་ལན་སི་ཀེ་ཡིས། ད་ལྟ་གློག་ཁང་ཕལ་ཆེ་བའི་ཆ་ཤས་བསྐྱར་གསོ་ཐུབ་ཡོད་པ་བསྒྲགས། ཡིན་ན་ཡང་། ད་དུང་ཡང་སྡོད་ཁང་མང་པོའི་གློག་བསྐྱར་གསོ་མ་ཐུབ་པ་གསལ།

•. ཡུ་དམག་གིས། རཱ་ཤི་ཡའི་གནམ་སྲུང་མ་ལག་ Buk-M2 ཞིག་དང་། གཞན་ Buk-M3 ཞིག་བཅས། དུས་མཉམ་དུ་གནམ་སྲུང་མ་ལག་ 2 གཏོར་ཟིན་པ་བཤད་ཅིང་། དེ་དང་མཐུན་པའི་བརྙན་ཞིག་ཀྱང་ཕྱིར་བཀྲམས། གནམ་སྲུང་མ་ལག་འདི་གཉིས་གཏོར་ཡུལ་ནི་རཱ་ཤི་ཡའི་ཁར་སི་ཀི་མངའ་སྡེ་ཡིན་པ་བཤད།

•. ཡུ་ཁུ་རན་གྱི་བདེ་སྲུང་བློན་ཆེན་གསར་བ་ཧྥེ་སྒྲོ་རོ་ཝི་ཡིས། ལོ་སྔོན་མའི་ཕྱི་ཟླ་ 12 ནང་ཡུ་དམག་གིས་རཱ་དམག་ 35,000 ཤི་རྨས་བཟོས་ཟིན་ལ། གྲངས་ཀ་འདིའི་བདེན་དཔང་བརྙན་དང་བཅས་པ་ཡོད་ཅེས་བསྒྲགས་ཤིང་། ད་ལྟ་ཡུ་ཁུ་རན་གྱི་ཐབས་བྱུས་གསར་བ་ནི་ཟླ་བ་རེར་རཱ་དམག་ཁྲི་ 5 རེ་ཤི་རྨས་བཟོ་རྒྱུ་དེ་ཡིན་ཞེས་བཤད།

•. ཉི་ཧོང་གཞུང་གསར་བས། ད་ལོ་ཕྱི་ལོ་ 2026 ལོར་ཡུ་ཁུ་རན་གྱི་མི་སེར་ལ་རོགས་སྐྱོར་དང་། ཡུ་ཁུ་རན་གྱི་འཕྲུལ་རིག་ཡར་རྒྱས་ལ་རྒྱབ་སྐྱོར་ཆེད། ཨ་སྒོར་ཐེར་འབུམ་ $6 ཟུར་འཇོག་བྱ་རྒྱུ་ཡིན་པ་བསྒྲགས། ད་ལྟ་བར་ཉི་ཧོང་གིས་ཡུ་ཁུ་རན་ལ་རོགས་སྐྱོར་བྱས་པའི་ཚད་གཞི་དེ། ཨ་སྒོར་ཐེར་འབུམ་ $15 ལས་བརྒལ་ཟིན་པ་གསལ། ཉི་ཧོང་རང་གི་ཁྲིམས་ཀྱི་རྐྱེན་པས། ཡུ་ཁུ་རན་ལ་སྐྱེལ་འདྲེན་རླངས་འཁོར་སོགས་ལས། གོ་ལག་རོགས་སྐྱོར་མ་བྱས་ཀྱང་། དམག་འཁྲུག་གིས་གཏོར་ཟིན་པ་དག་བསྐྱར་གསོ་དང་། མི་སེར་གྱི་དགོས་མཁོ་སོགས་ལ་རྒྱབ་སྐྱོར་ཐེངས་མང་བྱས།

•. ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུའི་དམིགས་བསལ་སྐུ་ཚབ།དམག་སྤྱི་ཟུར་བ་ཁེ་ཐི་ཁེ་ལོག་གིས། ཡུ་ཁུ་རན་ལ་མཚོན་ན་ད་ལོའི་དགུན་དུས་འདི་ཧ་ཅང་ཁག་པོ་ཡིན་པ་ངས་ཤེས་ཀྱི་ཡོད། ཁེ་ཝུར་གནས་ཚུལ་ཅི་ཞིག་འབྱུང་བཞིན་པ་ཤེས་ཀྱི་ཡོད། གནམ་གཤིས་གྲངས་ཚད་ཀྱང་ཤེས་ཀྱི་ཡོད། གལ་སྲིད་ད་ལོའི་ཕྱི་ཟླ་ 1 དང་ཕྱི་ཟླ་ 2 ནང་ཡུ་ཁུ་རན་གསོན་ཐུབ་ཚེ། ད་ལོའི་ཕྱི་ཟླ་ 3 དང་ཕྱི་ཟླ་ 4 ནང་དུ་སླེབས་ཚེ། དམག་དོན་གྱི་ཁེ་ཕན་ཡུ་ཁུ་རན་གྱི་ཕྱོགས་སུ་ཡོད་པ་ལས། རཱ་ཤི་ཡའི་ཕྱོགས་སུ་མི་འདུག་ཅེས་བཤད།

•. ཡུ་ཁུ་རན་གྱི་དམག་དོན་གསང་བའི་ལས་ཁུངས་ཀྱི་དབུ་ཁྲིད་ཟུར་བ་དང་། ད་ལྟའི་སྲིད་འཛིན་ལས་ཁུངས་ཀྱི་ལས་བྱེད་དབུ་ཁྲིད་དམག་སྤྱི་བྷུ་རྡ་ནོ་ཝི་ཡིས། ད་ལྟ་ང་ཚོ་དམག་འཁྲུག་གི་ཆ་ནས་རྒྱལ་ཕམ་གཏིང་ཐག་ཆོད་པའི་མཚམས་སུ་ཡོད་པ་ངས་ཡིད་ཆེས་བྱེད་འདོད་ཡོད། སང་ཉིན་(དུས་ཐུང་ནང་)དམག་མཚམས་འཇོག་ཐུབ་རྒྱུ་མ་རེད། དེ་ལྟར་ཐུབ་པར་བཤད་པ་ཚང་མ་གནས་ཚུལ་རྫུན་མ་རེད། འབད་བརྩོན་དང་བཅས་རེ་བ་བཟང་ས་ནས་རྒྱག་པ་ཆོག་པ་འདུག་ཅེས་བཤད།

•. དེ་རིང་སུད་སིར་སླེབས་པའི་ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་། ཡུ་ཁུ་རན་གྱི་སྲིད་འཛིན་ཛེ་ལན་སི་ཀེ་གཉིས་ཐུག་ཅིང་། སྐད་ཆ་ཆི་ཞིག་བཤད་ཟིན་པའི་ནང་དོན་ཞིབ་ཕྲ་མི་གསལ་ནའང་། ཛེ་ལན་སི་ཀེ་ཡིས་ཚོགས་འདུ་ཡག་པོ་བྱུང་སོང་བ་བཤད། དེའི་སྔོན་དུ་སྒྲོ་ནལ་ཁྲི་རམ་ཕུས། ཕུ་ཀྲན་གྱི་མིག་ནང་དུ་ཡུ་ཁུ་རན་ནི་ཀུ་ཤུ་ཞིག་ཡིན་ཚུལ་(ཚང་མ་ཟ་འདོད་པའི་དོན།)དང་། ཕུ་ཀྲན་དང་ཛེ་ལན་གཉིས་ཕན་ཚུལ་ལ་སྡང་སེམས་ཧ་ཅང་ཆེའང་། གཉིས་ཀར་དམར་གསོད་ཆེན་པོ་འདི་མཚམས་འཇོག་འདོད་ཡོད་ཚུལ་སོགས། ནམ་རྒྱུན་ཁོས་ཤོད་བཞིན་པ་དག་བཤད།

•. ཉེ་དུས་ཨ་རིའི་དམག་དཔུང་གིས། བྱང་ཨ་ཀྲི་ལན་ཀྲི་ཁི་རྒྱ་མཚོའི་ནང་དུ། རཱ་ཤི་ཡའི་འོག་ཏུ་ཐོ་འགོད་བྱས་པའི་རྡོ་སྣུམ་སྐྱེལ་མཁན་གྱི་གྲུ་གཟིངས་ཤིག་བཟུང་ཟིན་པ་ལྟར། དེའི་སྟེང་དུ་ཡོད་པའི་ལས་བྱེད་ཚོའི་ཁྲོད་རཱ་ཤི་ཡའི་མི་སེར་ 2 ཡོད་པ་ལ། རཱ་ཤི་ཡའི་མི་སེར་གཉིས་ད་དུང་ཡང་ཨ་རིས་གློད་མ་སོང་ཞེས། རཱ་ཤི་ཡའི་ཕྱི་སྲིད་བློན་ཆེན་སར་གྷེ་ལ་ཝི་རོ་ཡིས་བཤད།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག