Homeདེ་ལས་མང་(More)རང་བྱུང་།རང་བྱུང་མེ་སྐྱོན།

རང་བྱུང་མེ་སྐྱོན།

Date:

ཨོ་སི་ཁྲོ་ལི་ཡའི་ལྷོ་ཤར་ས་ཁུལ་དུ་སླར་ཡང་རང་བྱུང་མེ་སྐྱོན་ཆེན་པོ་བྱུང་། གཞུང་གིས་ས་ཁུལ་འདིར་མེ་གསོད་རུ་ཁག་གི་ལས་བྱེད་སྟོང་ཕྲག་བཏང་། བདུན་ཕྲག་འདིའི་དཀྱིལ་ནས་བཟུང་ཝིག་ཀྲོ་རེ་ཡ་མངའ་སྡེར། ས་ཆ་ཨེ་ཀར་ 741,316 ཡས་མས་ལ་མེ་ལྕེས་ཁྱབ་ཅིང་། ད་དུང་ཡང་མེ་ཆེན་པོ་ 10 འབར་བཞིན་པ་བསྒྲགས།

ཉེན་བརྡ་སྔོན་སོང་ལྟར། ཨོ་སི་ཁྲོ་ལི་ཡའི་ལྷོ་ཤར་ས་ཁུལ་དུ་སླར་ཡང་རང་བྱུང་མེ་སྐྱོན་ཆེན་པོ་བྱུང་། གཞུང་གིས་ས་ཁུལ་འདིར་མེ་གསོད་རུ་ཁག་གི་ལས་བྱེད་སྟོང་ཕྲག་བཏང་། བདུན་ཕྲག་འདིའི་དཀྱིལ་ནས་བཟུང་ཝིག་ཀྲོ་རེ་ཡ་མངའ་སྡེར། ས་ཆ་ཨེ་ཀར་ 741,316 ཡས་མས་ལ་མེ་ལྕེས་ཁྱབ་ཅིང་། ད་དུང་ཡང་མེ་ཆེན་པོ་ 10 འབར་བཞིན་པ་བསྒྲགས།

དེ་བཞིན་ཁྱིམ་མཚེས་མངའ་སྡེ་ནེའུ་ སོ་ཐི་ཝེལ་སི་ལའང་མེ་སྐྱོན་བྱུང་། སྡོད་ཁང་སོགས་འཛུགས་སྐྲུན་གྲངས་ 130 ལ་གཏོར་ཟིན་པ་དང་། ཚོང་ཁང་དང་སྡོད་ཁང་སོགས་གྲངས་ 38,000 ཡི་གློག་བཅད་ཟིན་པ་གསལ་ཟིན་པ་གསལ། སིག་ནེ་གྲོང་ཁྱེར་དུ་ཚ་ཚད་ 42.2C ལ་འཕར་ཅིང་། འདི་ནི་ལོ་རེའི་ཕྱི་ཟླ་ 1 ནང་གི་རྒྱུན་ལྡན་ཚ་ཚད་ལས་ 17C མཐོ་བ་གྱུར་ཟིན་པ་བཤད།

ལོ་རེའི་ཕྱི་ཟླ་ 12 ནས་ཕྱི་ཟླ་ 2 བར་ཏེ། གནམ་གཤིས་སྐམ་པོ་དང་ཚ་རླབས་འཕྱུར་བའི་སྐབས་སུ། རྒྱལ་ཁབ་འདིར་རང་བྱུང་མེ་སྐྱོན་འབྱུང་རྒྱུའི་ཉེན་ཁ་ཆེ་བ་དང་། ཕྱི་ལོ་ 2019 དང་ཕྱི་ལོ་ 2020 ལོ་ནི་མེ་སྐྱོན་ཆེ་ཤོས་བྱུང་བའི་ལོ་ཞིག་ཏུ་གྱུར་ཅིང་། ཏུར་ཀེ་རྒྱལ་ཁབ་ཧྲིལ་བོ་དང་ཚད་གཞི་མཉམ་པའི་ས་ཆར་རང་བྱུང་མེ་སྐྱོན་བྱུང་ཞིང་། དེའི་ཁྲོད་མི་ 33 དང་སེམས་ཅན་ཕོན་ཆེན་བསད། ཐེངས་འདིའི་མེ་སྐྱོན་ནི་དེའི་རྗེས་ཀྱི་མེ་སྐྱོན་ཆེ་ཤོས་དེ་ཡིན་པ་བཤད།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག