Homeརྒྱལ་སྤྱི།རཱ་ཡུ་གཉིས་དང་ཨ་རི་བཅས་ཀྱི་སྐུ་ཚབ་ཐུག

རཱ་ཡུ་གཉིས་དང་ཨ་རི་བཅས་ཀྱི་སྐུ་ཚབ་ཐུག

Date:

ཨ་རབ་རྒྱལ་ཕྲན་མཉམ་འབྲེལ་གྱི་རྒྱལ་ས། ཨ་བྷུ་རྡ་བྷེ་རུ་ཨ་རི་དང་རཱ་ཤི་ཡ། ཡུ་ཁུ་རན་གསུམ་གྱི་སྐུ་ཚབ་མཉམ་འཛོམས་ཀྱི་ཚོགས་འདུ་ཐོག་མ་དེ་ཚོགས།

ཡུ་དམག་གིས། རཱ་ཤི་ཡའི་ཁི་ར་སི་ནོ་རྡར་ས་ཁུལ་གྱི་རྡོ་སྣུམ་མཛོད་ཁང་ཞིག་ལ་གཏོར་རྒོལ་བྱས། ཡུ་ཁུ་རན་ལྟར་ན་ཐེངས་འདིར་མེ་ལྕེས་ས་མི་ཀྲར་གྲུ་གཞི་མ་ 7,000 ཡས་མས་ལ་ཁྱབ་ཅིང་། རྡོ་སྣུམ་ལྕགས་སྦུག་ལའང་གཏོར་སྐྱོན་ཐེབས་ཟིན་པ་དང་། ཁྱོན་རིན་ཐང་ཨ་སྒོར་ས་ཡ་ $50 ཡི་རིན་ཐང་རྒྱུ་དངོས་གཏོར་ཟིན་པ་བཤད། གཞན་ཡང་ཡུ་དམག་གིས། རཱ་ཤི་ཡའི་པེན་ཛ་(Penza)ས་ཁུལ་གྱི་རྡོ་སྣུམ་བཟོ་གྲྭ་ཞིག་ལའང་གཏོར་རྒོལ་བྱས་ཟིན་པ་བཤད། དེ་དང་མཐུན་པའི་བརྙན་སོགས་ཕྱིར་ཐོན།

•. ཁ་དང་སུད་སི་རྒྱལ་ཁབ་ཀྱི་སྒྲ་ཝོ་སི་གྲོང་བརྡལ་དུ། ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་། ཡུ་ཁུ་རན་གྱི་སྲིད་འཛིན་ཛེ་ལན་སི་ཀེ་གཉིས་ཐུག་ཅིང་། ཁོ་གཉིས་བར་ཆུ་ཚོད་ 1 མ་ཟིན་ཙམ་རིང་གླེང་མོལ་བྱས།ཐེངས་འདིར་ཛེ་ལན་སི་ཀེ་ཡོང་དོན་གཙོ་བོ་ནི། ཨ་རི་དང་ལྷན་ཨ་སྒོར་ཐེར་འབུམ་ $800 ཡི་རིན་ཐང་ཚོང་འབྲེལ་གྲོས་མཐུན་སྟེང་མིང་རྟགས་འགོད་ཆེད་ཡིན་ཡང་། སྒྲོ་ནལ་ཁྲི་རམ་ཕུས་ཨ་རི་དང་རཱ་ཤི་ཡའི་སྐུ་ཚབ་མ་ཐུག་བར་དུ། གྲོས་མཐུན་འདིའི་སྟེང་མིང་རྟགས་འགོད་རྒྱུ་མིན་ཞེས་བཤད་ཟིན་པ། དབྱིན་ཇིའི་ནོར་སྲིད་དུས་བབ་སྟེང་གནས་ཚུལ་བཀོད། དེ་ལྟར་ན་ཐེངས་འདིར་ཛེ་ལན་སི་ཀེ་ཡོང་དོན་དེ་མ་འགྲུབ།

•. ཚོགས་འདུ་འདིའི་རྗེས་སུ་སྒྲོ་ནལ་ཁྲི་རམ་ཕུས། ཛེ་ལན་སི་ཀེ་དང་ལྷན་ཚོགས་འདུ་ཡག་པོ་མང་པོ་ཚོགས་ཟིན། ཡིན་ན་ཡང་དེའི་དོན་ནི་དམག་མཚམས་འཇོག་ཐུབ་པའི་དོན་མ་རེད་ཅེས་བཤད། ཛེ་ལན་སི་ཀེ་ཡིས། ཐེངས་འདིའི་ཚོགས་འདུ་ཡག་པོ་བྱུང་། ཡིན་ན་ཡང་། ས་ཆ་དང་འབྲེལ་བའི་དཀའ་ངལ་(ཡུ་དམག་རྡོན་པ་སི་ས་ཁུལ་ནས་ཕྱིར་འཐེན་མིན།)དེ་སྔར་བཞིན་གཙོ་བོ་གྱུར་འདུག་ཅེས་བཤད།

•. དེ་དང་ལྷན་ཁང་སང་སྒྲོ་ནལ་ཁྲི་རམ་ཕུའི་སྐུ་ཚབ། ཝེ་ཀྲི་ཀོ་ཧྥི་དང་ཁུ་ཤི་ནེ་གཉིས་རཱ་ཤི་ཡའི་རྒྱལ་ས་མོ་སི་ཁོར་སླེབས་ཤིང་། སྲིད་འཛིན་ཕུ་ཀྲན་དང་ལྷན་ཆུ་ཚོད་འགའི་རིང་གླེང་མོལ་བྱས། སྐབས་དེར་ཕུ་ཀྲན་གྱིས་ཝེ་ཀྲི་ཀོ་ཧྥི་ལ། ས་ཆའི་དཀའ་ངལ་(ཡུ་དམག་རྡོན་པ་སི་ས་ཁུལ་ནས་ཕྱིར་འཐེན་དགོས་པ)མ་སེལ་བར། དཀའ་རྙོག་འདི་སེལ་ཐུབ་པའི་རེ་བ་མ་རྒྱག་ཅེས་བཤད་ཟིན་པ། ཕུ་ཀྲན་གྱི་ཕྱི་སྲིད་སློབ་སྟོན་པ་ཡུ་རེ་ཨུ་ཤ་ཁོ་ཝི་ཡིས་བཤད། རཱ་ཤི་ཡས་མུ་མཐུད་དུ་ཕྱི་འབྲེལ་གྱི་ལམ་ནས་དཀའ་ངལ་འདི་སེལ་རྒྱུ་གཙོ་བོ་འཛིན་རྒྱུ་ཡིན་པ་བཤད།

•. དེ་རིང་ཨ་རབ་རྒྱལ་ཕྲན་མཉམ་འབྲེལ་གྱི་རྒྱལ་ས། ཨ་བྷུ་རྡ་བྷེ་རུ་ཨ་རི་དང་རཱ་ཤི་ཡ། ཡུ་ཁུ་རན་གསུམ་གྱི་སྐུ་ཚབ་མཉམ་འཛོམས་ཀྱི་ཚོགས་འདུ་ཐོག་མ་དེ་ཚོགས་རྒྱུ་ཡིན་པ། ཡུ་ཁུ་རན་དང་ཨ་རི། རཱ་ཤི་ཡ་གསུམ་གྱིས་བཤད། ཡིན་ན་ཡང་། རཱ་ཤི་ཕྱོགས་ནས་ཐག་གཅོད་ཀྱི་དབང་ཆ་གང་ཡང་མེད་མཁན། དམག་སྤྱི་གནས་རིམ་གཉིས་པ་ཅན་ཞིག་སྐུ་ཚབ་ཀྱི་གཙོ་བོར་མངགས་རྒྱུ་ཡིན་པ་གསལ། དེ་བཞིན་རཱ་ཤི་ཡ་དང་ཨ་རིའི་བར་མུ་མཐུད་དུ་ཚོང་འབྲེལ་གྱི་ཐད་སྐད་ཆ་བཤད་རྒྱུ་ཡིན་པ་བསྒྲགས།

•. ཕུ་ཀྲན་གྱི་གནས་སྐབས་དམིགས་ཡུལ་དེ། དམག་མི་དང་གོ་ལག་འཕྲོ་བརླག་གཏོང་མ་དགོས་པར། རྡོན་པ་སི་ས་ཁུལ་ཧྲིལ་བོ་ཆབ་སྲིད་ཀྱི་ལམ་ནས་ཐོབ་ཐབས་བྱེད་བཞིན་པ་དང་། འདིའི་ཆེད་སྒྲོ་ནལ་ཁྲི་རམ་ཕུ་བེད་སྤྱོད་བྱེད་བཞིན་པ་གསལ་བོ་ཡིན་པ་དང་། ཡུ་ཁུ་རན་གྱིས། རྡོན་པ་སི་ས་ཁུལ་དུ་ཡུ་དམག་གི་འགོག་སྲུང་བཙན་ཤོས་དག་ཡོད་པས། ས་ཁུལ་འདི་ཕུ་ཀྲན་ལ་རིན་མེད་སྤྲད་པ་ནི་ཁོས་མུ་མཐུད་དུ་ཡུ་ཁུ་རན་གྱི་ས་ཁུལ་གཞན་དག་ལ་ཚུར་རྒོལ་གྱི་སྒོ་མོ་ཕྱེ་བ་དང་ཁྱད་མེད་དུ་མཐོང་བཞིན་པ་གསལ། དེ་ལྟར་ན་སྔར་གྱི་སྐད་ཆ་དག་བསྐྱར་དུ་སླེབས།

•. ཐེངས་འདིར་ཛེ་ལན་སི་ཀེ་ཡིས་སུད་སིར་གཏམ་བཤད་སྐབས།ཁོས། ཡུ་རོབ་ཀྱི་དབུ་ཁྲིད་ཚོས་རཱ་ཤི་ཡ་འགོག་འདོད་ཀྱང་དེ་དང་མཐན་པའི་ལག་ལེན་མེད་པ་དང་། བདེ་སྲུང་དང་དཔལ་འབྱོར་གཉིས་ཐད་ནས་ཡུ་རོབ་ཀྱིས་རང་ཚུགས་ཐུབ་དགོས་པ་བཤད། ད་དུང་ཁོས།ཡུ་ཁུ་རན་གྱི་ངོ་ནས་གྷི་རེན་ལན་ཀྲིའི་སྟེང་དུ་རཱ་ཤི་ཡ་དང་འཐབ་རྒྱུར་གྲ་སྒྲིག་ཡོད། ང་ཚོས་ཁི་རཱ་མེ་ཡ་གླིང་ཕྲན་གྱི་མཐའ་འཁོར་དུ་རཱ་ཤི་ཡའི་དམག་གྲུ་དག་གཏོར་བ་བཞིན། ལྷི་རེན་ལན་ཀྲིའི་མཐའ་འཁོར་དུ་རཱ་ཤི་ཡའི་གྲུ་གཟིངས་དག་གཏོར་ཐུབ་ལ། དེའི་ཉམས་མྱོང་དང་གོ་ལག་ང་ཚོར་ཡོད་ཅེས་བཤད།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག