Homeརྒྱལ་སྤྱི།ཡུ་རོབ།རཱ་ཡུའི་དམག་འཁྲུག

རཱ་ཡུའི་དམག་འཁྲུག

Date:

 ( རཱ་དམག་གིས། ཡུ་ཁུ་རན་གྱི་རྡོ་ཉད་སི་ཀི་ས་ཁུལ་གྱི་ཕོ་ཁོ་རོ་ཝི་སི་ཀི་གྲོང་ཁྱེར་ཧྲིལ་བོ་འཕྲོག་ཆེད། མུ་མཐུད་དུ་འཐབ་བཞིན་པ་དང་ཁ་སང་སྨུག་པ་འཐིབ་ཡོད་པའི་གོ་སྐབས་དང་བསྟུན། རཱ་དམག་སྐོར་ཞིག་གིས་འཕྲུལ་ལྟ་དང་། རླངས་འཁོར་སོགས་བེད་སྤྱོད་ཀྱིས་ཕོ་ཁི་རོ་ཝི་སི་ཀི་གྲོང་ཁྱེར་གྱི་ལྷོ་ཕྱོགས་ནས་ནང་ལ་འཛུལ།)

•. རཱ་དམག་གིས། ཡུ་ཁུ་རན་གྱི་རྒྱལ་སའི་མངའ་ཁུལ་གྱི་གློག་ཁང་དག་ལ་བསྟུད་མར་གཏོར་རྒོལ་བྱས་རྐྱེན། ད་ལྟ་ཉིན་རེར་ཆུ་ཚོད་ 12 ནས་ཆུ་ཚོད་ 14 བར་གྲོང་ཁྱེར་གྱི་གློག་ཆད་འགྲོ་བ་བཤད། དེ་བཞིན་རཱ་དམག་ཡུ་ཁུ་རན་གྱི་ཁར་ཁེ་ཝི་ས་ཁུལ་གྱི་ཀུ་པན་སི་ཀི་གྲོང་བརྡལ་གྱི་ནང་དུ་ཤུགས་ཆེན་འཛུལ་ཐུབ་ཅིང་། ད་ལྟ་གྲོང་བརྡལ་ཤར་གྱི་ཆ་ཤས་སུ་འཐབ་བཞིན་པ་དང་། ཕྱོགས་འདི་ནས་ཡུ་ཁུ་རན་གྱི་སྣུམ་མཛོད་ཅིག་དང་། མེ་འཁོར་འབབ་ཚུགས་ཤིག་རཱ་དམག་གིས་བཟུང་ཟིན་པ། རཱ་ཤི་ཡའི་བདེ་སྲུང་ལྷན་ཁང་གིས་བསྒྲགས།

•. རཱ་དམག་གིས། ཡུ་ཁུ་རན་གྱི་རྡོ་ཉད་སི་ཀི་ས་ཁུལ་གྱི་ཕོ་ཁོ་རོ་ཝི་སི་ཀི་གྲོང་ཁྱེར་ཧྲིལ་བོ་འཕྲོག་ཆེད། མུ་མཐུད་དུ་འཐབ་བཞིན་པ་དང་ཁ་སང་སྨུག་པ་འཐིབ་ཡོད་པའི་གོ་སྐབས་དང་བསྟུན། རཱ་དམག་སྐོར་ཞིག་གིས་འཕྲུལ་ལྟ་དང་། རླངས་འཁོར་སོགས་བེད་སྤྱོད་ཀྱིས་ཕོ་ཁི་རོ་ཝི་སི་ཀི་གྲོང་ཁྱེར་གྱི་ལྷོ་ཕྱོགས་ནས་ནང་ལ་འཛུལ། མཁའ་དབྱིངས་སྨུག་པས་བསྒྲིབས་ཡོད་རྐྱེན་ཡུ་དམག་གི་སྒྲི་རོན་གྱིས་འགོག་མ་ཐུབ། ཡུ་ཁུ་རན་གྱི་སྤྱི་ཁྱབ་དམག་སྤྱི་སར་སི་ཀེ་ལྟར་ན། ད་ལྟ་རཱ་ཤི་ཡས་གྲོང་ཁྱེར་འདིའི་མཐའ་བསྐོར་ཆེད། དམག་མི་ཆིག་འབུམ་ལྔ་ཁྲི་འདིར་སྤུངས་ཡོད་པ་བཤད།

•. ཡུ་དམག་གིས། སླར་ཡང་རཱ་ཤི་ཡའི་སཱ་ར་ཏོ་ཝི་མངའ་སྡེའི་རྡོ་སྣུམ་བཟོ་གྲྭ་ཆེན་པོ་ཞིག་ལ་གཏོར་རྒོལ་བྱས། གཞན་ཡང་མཚོ་ནག་གི་རྒྱུད་དུ་ཡོད་པའི་རཱ་ཤི་ཡའི་རྡོ་སྣུམ་འདྲེན་སའི་གྲུ་ཁ་ཆེན་པོ། ཀྲུབ་སེ་(port of Tuapse)ཞེས་པར་གཏོར་རྒོལ་བྱས། འདི་ནི་རཱ་ཤི་ཡའི་རྡོ་སྣུམ་ཁེ་གཉེར་ཆེན་མོ། རོ་སི་ནེ་ཧྥི་ཀྲི་(Rosneft)ཡི་སྟངས་འཛིན་འོག་ཡོད་པ་གསལ། ད་དུང་ཡུ་དམག་གིས་ཁི་རཱ་མེ་ཡ་གླིང་ཕྲན་དུ་ཡོད་པའི་སྣུམ་མཛོད་ཅིག་ལའང་གཏོར་རྒོལ་བྱས།

•. དམག་འཁྲུག་འདིའི་ཁྲོད། གཡུལ་སར་མཁའ་དམག་གིས་ནུས་པ་ཆེན་པོ་འདོན་ཐུབ་ཀྱི་མེད་པར། འཛམ་གླིང་འཁྲུག་ཆེན་གཉིས་པ་ལྟར་ཕྱོགས་གཉིས་ཀ་ས་དོང་དང་ལྕགས་ཁྲབ་འཁོར་ལོ། ཁྲབ་ལྡན་རླངས་འཁོར་དང་མེ་སྒྱོགས་སོགས་ལ་ཤུགས་ཆེན་བརྟེན་ཡོད་པ་ལྟར། འཁྲུག་ཆེན་གཉིས་པ་དང་མ་འདྲ་བ་གཙོ་བོ་ཞིག་ནི། སྒྲི་རོན་གཡུལ་སར་བེད་སྤྱོད་ཤུགས་ཆེན་བྱེད་བཞིན་པ་དེ་གྱུར། ལྷག་པར་གཡུལ་ས་ཧ་ཅང་ཆེ་བའི་སྟེང་། གོ་ལག་དང་དམག་མིའི་གྲངས་འདང་ངེས་མེད་པའི་ཡུ་ཁུ་རན་གྱིས། རཱ་དམག་འགོག་ཆེད་སྒྲི་རོན་ཤུགས་ཆེན་བེད་སྤྱོད་བྱས།

•. ཡུ་ཁུ་རན་གྱི་སྒྲི་རོན་གཏོང་མཁན་གྲགས་ཅན་མཱ་རྒེར་(Robert Magyar)གྱིས། འདས་པའི་ཟླ་བ་ 18 རིང་སྒྲི་རོན་གཅིག་བུས། རཱ་དམག་གི་རླངས་འཁོར་སོགས་གོ་ལག་ལྗིད་པོ་གྲངས་ 24,895 དང་།
དམིགས་འབེན་གཞན་གྲངས་ 76,950 ཡི་སྟེང་གཏོར་རྒོལ་བྱས་ཟིན་ཅེས་བཤད། ད་དུང་ཁོས། དེའི་རིང་ང་ཚོ་རང་གི་ལས་བྱེད་ 27 གྱི་སྲོག་ཤོར་ཟིན་པ་ལ། དེ་དག་རེ་རེའི་རོ་སྐྱིན་དུ་རཱ་དམག་ 1,000 རེ་བསད་ཟིན་ཅེས་བཤད། སྒྲི་རོན་ནི་ཉེན་ཁ་ཆེ་ཤོས་ཀྱི་གོ་ལག་ཅིག་ཏུ་གྱུར་ཅིང་།མཱ་རྒེར་ཞེས་པའི་མི་འདི་ནི་ཧང་གྷ་རིའི་མི་སེར་ཞིག་ཡིན་པ་ལས་ཡུ་ཁུ་རན་གྱི་མི་ཞིག་མ་ཡིན་པ་གསལ།

•. ཡུ་ཁུ་རན་གྱི་ལྐོག་ཟར་རྒོལ་མཁན་གྱི་ཚོགས་ཆུང་གིས། ཆེས་མཐོའི་ལས་བྱེད་དང་ཚོང་པ་སོགས་ལ་ཞིབ་འཇུག་བྱེད་བཞིན་པ་དང་། སྲིད་འཛིན་ཛེ་ལན་སི་ཀེ་ཡི་གྲོགས་པོ་དང་། ཁོ་ལ་དངུལ་དངོས་ཀྱི་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་པར་བཤད་པའི་ཚོང་པ་ཆེན་པོ། མེན་རྡི་ཆི་(Mindich)ཞེས་པ་དང་། གཞན་ཡང་ཛེ་ལན་སི་ཀེར་རྒྱབ་སྐྱོར་བྱེད་མཁན་གྱི་ཚོང་པ་ཆེན་པོ་འགའ་ཕྱི་རྒྱལ་དུ་བྲོས་ཟིན་པའི་གནས་ཚུལ་ཐོན། དམག་འཁྲུག་གི་རྐྱེན་པས་ནུབ་ཕྱོགས་ཀྱི་དངུལ་སྒོར་ཨ་སྒོར་ཐེར་འབུམ་མང་པོ་རྒྱལ་ཁབ་འདིར་འགྲོ་བཞིན་པ་ལ། རྒྱལ་ནང་གི་ལྐོག་ཟ་དང་ཆ་སྙོམས་དེ་ཙམ་མེད་པའི་དམག་སྐུལ་རྒྱག་སྟངས་ནི། དམག་དམངས་ཀྱི་སེམས་ཤུགས་གཅོག་བྱེད་གཙོ་བོ་ཞིག་ཡིན་པ་བཤད།

•. ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས། རཱ་ཤི་ཡའི་རྡོ་སྣུམ་ཁེ་གཉེར་ཆེ་ཤོས་གཉིས་ཀྱི་སྟེང་ཉེས་ཆད་བཀལ་རྗེས། རྒྱལ་ཁབ་མང་པོས་རཱ་ཤི་ཡའི་རྡོ་སྣུམ་ཉོ་རྒྱུ་ཁག་ཏུ་ཕྱིན། ཧང་གྷ་རིའི་སྲིད་བློན་ཝིག་ཏོར་ཨོར་བྷན་ཉེ་དུས་ཨ་རིའི་རྒྱལ་སར་སླེབས། ཁོས་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ཐུག་ཅིང་། སྙིང་པོ་ནི་ཧང་གྷ་རིའི་ངོས་ནས་རཱ་ཤི་ཡ་ལས་གཞན། གནས་སྐབས་རྡོ་སྣུམ་གྱི་ཐད་ནས་བརྟེན་ས་མེད་པས། འབྱུང་འགྱུར་མུ་མཐུད་དུ་རཱ་ཤི་ཡའི་རྡོ་སྣུམ་ཉོ་ཆོག་པ་བཟོ་རྒྱུ་དེ་ཡིན་པ་ལྟར། ཨ་རིས་ཀྱང་ཧང་གྷ་རི་ལ། འབྱུང་འགྱུར་ལོ་ 1 རིང་རཱ་ཤི་ཡའི་རྡོ་སྣུམ་ཉོ་ཆོག་པ་བཟོས།

•. ཁ་སང་ཨོར་བྷན་གྱིས། སྒྲོ་ནལ་ཁྲི་རམ་ཕུ་ཨ་རིའི་་སྲིད་འཛིན་དང་། ང་རང་ཧང་གྷ་རིའི་སྲིད་བློན་ཡིན་པའི་རིང་། ཧང་གྷ་རིའི་ངོས་ནས་རཱ་ཤི་ཡའི་རྡོ་སྣུམ་ཉོ་ཆོག་པ་ཡིན་ཞེས་བཤད། ད་དུང་ཁོས་ཐེངས་འདིར་ཁོ་དང་སྒྲོ་ནལ་ཁྲི་རམ་ཕུ་བར། དམག་འཁྲུག་འདི་ཇི་ལྟར་མཚམས་འཇོག་རྒྱུའི་ཐད་གྲོས་མོལ་བྱས་ཟིན་པ་དང་། མགྱོགས་པོར་ཕུ་ཀྲན་དང་སྒྲོ་ནལ་ཁྲི་རམ་ཕུ་གཉིས་ཧང་གྷ་རིའི་རྒྱལ་སར་ཐུག་ཐུབ་རྒྱུ་ཡིན་པ་བཤད། ཡིན་ན་ཡང་། ཁ་སང་རཱ་ཤི་ཡའི་སྲིད་འཛིན་ལས་ཁུངས་ཀྱི་མགྲིན་ཚབ་པ་པི་སི་ཀོ་ཝི་ཡིས། ཨོར་བྷན་གྱི་འཆར་གཞི་ཅི་ཞིག་ཡིན་པ་ང་ཚོས་མ་ཤེས། ད་ལྟ་བར་འདིའི་སྐོར་ང་ཚོར་གནས་ཚུལ་གང་ཡང་རག་མ་སོང་ཞེས་བཤད།

གསར་གནས།

ཡུ་རོབ་དང་རཱ་ཡུའི་དམག་འཁྲུག

ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་སྲིད་གཞུང་གིས། རཱ་ཤི་ཡ་དང་ཡུ་ཁུ་རན། ཡུ་རོབ་བཅས་དང་ལྷན་གསང་བའི་ངང་གྲོས་མོལ་གྱིས།དམག་འཁྲུག་འདི་མཚམས་འཇོག་ཐབས་ཆེད་ཡིག་ཆ་དོན་ཚན་ 28 ཞིག་བཟོ་བཞིན་པའི་གནས་ཚུལ་ཐོན་ཟིན་པ་ལྟར། ད་ལྟ་འདིའི་སྐོར་གནས་ཚུལ་ཅུང་ཞིབ་ཕྲ་ཐོན།

ཡུ་རོབ་དང་རཱ་ཡུའི་དམག་འཁྲུག

ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་སྲིད་གཞུང་གིས། དམག་འཁྲུག་འདི་མཚམས་འཇོག་ཐབས་དང་འབྲེལ། ཡིག་ཆ་དོན་ཚན་ 28 ཅན་ཞིག་བཟོ་བཞིན་པ་དང་། འདིའི་ཆེད་རཱ་ཤི་ཡ་དང་ཡུ་ཁུ་རན། ཡུ་རོབ་རྒྱལ་ཁབ་དག་དང་ལྷན་གསང་བའི་ངང་གྲོས་མོལ་བྱེད་བཞིན་པ་བཤད།

དཀྱིལ་ཤར་ལ་གཞི་ནས་ཞི་བདེ་བསྐྲུན་ཟིན།

སྒྲོ་ནལ་ཁྲི་རམ་ཕུས། ངའི་མི་ཚེ་གང་ལ་དཀྱིལ་ཤར་དུ་ཞི་བདེ་སྐྲུན་ཐབས་སྐོར་གོ་ནས་ཡོང་བ་ཡིན།ཡིན་ན་ཡང་། ད་ལྟ་བར་བསྐྲུན་མ་ཐུབ་པ་ལ་ང་ཚོས་གཞི་ནས་དཀྱིལ་ཤར་དུ་ཞི་བདེ་བསྐྲུན་ཟིན་ཅེས་བཤད།

ཨ་རིས་ཐེ་ཝན་ལ་གོ་ལག་བཙོང་། 

ཨ་རིས་ཐེ་ཝན་ལ་འཕུར་མདའི་མ་ལག་ནཱ་སམ་སི་(NASAMS)བཅས། གོ་ལག་རིན་ཐང་ཨ་སྒོར་ས་ཡ་ $700 འཚོང་རྒྱུ་ཡིན་པ་ཨ་རིའི་ལས་བྱེད་ཚོས་གཏན་འཁེལ།

སོ་ཐེའི་རྒྱལ་སྲས་ཨ་རིར་སླེབས།

སོ་ཐེ་ཨ་རབ་བྷེ་ཡའི་རྒྱལ་སྲས་ཀྱིས། འབྱུང་འགྱུར་རྒྱལ་ཁབ་འདིས་བཅོས་མའི་རིག་པ་དང་འཕྲུལ་རིགས་སོགས་དང་འབྲེལ། ཨ་རིའི་རྒྱལ་ནང་ལ་ཨ་སྒོར་ཁྲག་ཁྲིག་ཆེན་མོ་ $1 མ་ཟིན་ཙམ་གྱི་མ་རྐང་འཇོག་རྒྱུ་ཡིན་པ་བཤད།