Homeགལ་ཆེན་གསར་འགྱུར།རཱ་ཤི་ཡའི་གནམ་གྲུ་རྩ་ཆེན་ཞིག་གཏོར་ཟིན་པའི་རྣམ་པ།

རཱ་ཤི་ཡའི་གནམ་གྲུ་རྩ་ཆེན་ཞིག་གཏོར་ཟིན་པའི་རྣམ་པ།

Date:

མདང་དགོང་ཡུ་དམག་གིས། རཱ་ཤི་ཡའི་ཏཱ་གྷན་རོག་ས་ཁུལ་ལ་མཁའ་ཐོག་ནས་གཏོར་རྒོལ་ཁྲོད། གནམ་གྲུའི་བཟོ་གྲྭ་ཞིག་ལ་གཏོར་རྒོལ་ཐེབས་ཤིང་། ཐེངས་འདིའི་གཏོར་རྒོལ་ཁྲོད་རཱ་ཤི་ཡའི་འོད་རླབས་མཚོན་ཆ་ཐོགས་པའི་གནམ་གྲུ་ A-60 1A2 ཞེས་པ་ཞིག་གཏོར་ཟིན་པ་ཚོད་དཔག་བྱེད་ཀྱི་ཡོད་ཅེས། ཡུ་ཁུ་རན་གྱིས་བསྒྲགས།

གནམ་གྲུ་འདི་ནི་ཧ་ཅང་རྩ་ཆེན་ཞིག་དང་། གསང་བའི་མཚོན་ཆ་ཞིག་ཡིན་པ་དང་། ཨུ་རུ་སུ་དམར་པོའི་སྐབས་སུ་བཟོས་པ་ཞིག་ཡིན་པ་ལ། ད་ལྟ་རཱ་ཤི་ཡར་གནམ་གྲུ་འདི་འདྲ་གྲངས་ 2 ལས་མེད་པ་བཤད། གལ་སྲིད་གནས་ཚུལ་འདི་བདེན་ཚེ། དེ་ནི་རཱ་ཤི་ཡར་གྱོང་གུན་ཆེན་པོ་ཞིག་ཏུ་གྱུར།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག