Homeགལ་ཆེན་གསར་འགྱུར།རཱ་ཤི་ཡའི་ཆེས་མཐོའི་དམག་སྤྱི་ཞིག་བསད།

རཱ་ཤི་ཡའི་ཆེས་མཐོའི་དམག་སྤྱི་ཞིག་བསད།

Date:

རཱ་ཤི་ཡའི་རྒྱལ་ས་མོ་སི་ཁོར་རླངས་འཁོར་ཞིག་གས་འཐོར་ཁྲོད། རཱ་ཤི་ཡའི་ཆེས་མཐོའི་དམག་སྤྱི་ཧྥེ་ནེལ་ སཱར་ཝ་རོ་ཝི་ཞེས་པ་བསད། 

རཱ་ཤི་ཡའི་རྒྱལ་ས་མོ་སི་ཁོ་རུ་རླངས་འཁོར་ཞིག་གས་འཐོར་དུ་ཕྱིན། རཱ་ཤི་ཡའི་གཞུང་འབྲེལ་གསར་ཁང་(RT)ལྟར་ན། ཁ་ལོ་བ་རྨས་ཟིན་འདུག་ཅེས་གནས་ཚུལ་བཀོད་པ་ལས་གཞན་མ་བསྒྲགས། ཡིན་ན་ཡང་། རཱ་ཤི་ཡའི་དྲྭ་ལམ་ཁག་ལྟར་ན། རླངས་འཁོར་འདིའི་ནང་དུ་རཱ་ཤི་ཡའི་ཆེས་མཐོའི་དམག་སྤྱི། ཧྥེ་ནེལ་ སཱར་ཝ་རོ་ཝི་( Fanil Sarvarov) ཞེས་པ་ཡོད་པའི་གནས་ཚུལ་ཞིག་ཁྱབ། ད་ལྟ་རཱ་ཤི་ཡའི་གཞུང་གིས་ཀྱང་། ཐེངས་འདིའི་གས་འཐོར་ཁྲོད་དམག་སྤྱི་འདི་བསད་ཟིན་པ་གཏན་འཁེལ།

ཉེ་འཁོར་གྱི་མིས་མཐོང་བ་ལྟར་ན། རླངས་འཁོར་ནང་དུ་སུ་ཞིག་ཡོད་ཀྱང་མི་དེའི་ལུས་ཡོངས་རྫོགས་མེས་འཚིག་ཡོད་པ་བཤད། ད་ལྟ་བར་འགད་རྫས་གས་འཐོར་འདིའི་རྒྱབ་ཏུ། རྒྱལ་ཁབ་དང་ཚོགས་པ། མི་སྒེར་ཅི་ཞིག་ཡོད་མེད་སོགས་གང་ཡང་མ་བསྒྲགས། གཏོར་རྒོལ་གྱི་ཡུལ་དུ་གྱུར་ཟིན་པའི་དམག་སྤྱི་འདི་ནི། རཱ་ཤི་ཡའི་དམག་དཔུང་སྤྱི་ལ་སྦྱོང་བརྡར་སྤྲོད་མཁན་གྱི་གཙོ་འགན་འཁུར་མཁན་དང་། གཡུལ་སར་གཏོང་མཁན་དེ་ཡིན་པ་གསལ།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག