Homeརྒྱལ་སྤྱི།ཨེ་ཤ་ཡ།རཱ་ཤི་ཡས་རྒྱ་གར་ལ་གོ་ལག་འཚོང་རྒྱུའི་ཐད་སྐད་ཆ།

རཱ་ཤི་ཡས་རྒྱ་གར་ལ་གོ་ལག་འཚོང་རྒྱུའི་ཐད་སྐད་ཆ།

Date:

ཕུ་ཀྲན་རྒྱ་གར་དུ་ཡོང་སྐབས། རཱ་ཤི་ཡས་རྒྱ་གར་ལ་དེང་རབས་འཐབ་འཛིང་གནམ་གྲུ་ Su-57 དང་། ཆེས་ཡར་ཐོན་གྱི་གནམ་སྲུང་མ་ལག་ S-500 འཚོང་རྒྱུའི་སྐོར་གླེང་རྒྱུ་ཡིན་པ། བྷི་ལུམ་བྷར་གྷི་སྟེང་གནས་ཚུལ་བཀོད།

ཟླ་བ་འདིའི་ཚེས་ 4 དང་ཚེས་ 5 ལ་རཱ་ཤི་ཡའི་སྲིད་འཛིན་ཕུ་ཀྲན། རྒྱ་གར་དུ་ཡོང་རྒྱུ་ཡིན་པ་ལྟར། སྐབས་དེར་རྒྱ་གར་དང་རཱ་ཤི་ཡའི་བར་གྲོས་མོལ་ཁྲོད། རཱ་ཤི་ཡས་རྒྱ་གར་ལ་དེང་རབས་འཐབ་འཛིང་གནམ་གྲུ་ Su-57 དང་། ཆེས་ཡར་ཐོན་གྱི་གནམ་སྲུང་མ་ལག་ S-500 འཚོང་རྒྱུའི་སྐོར་གླེང་རྒྱུ་ཡིན་པ། བྷི་ལུམ་བྷར་གྷི་སྟེང་གནས་ཚུལ་བཀོད།

རྒྱ་གར་དང་རཱ་ཤི་ཡ། རྒྱ་ནག་གསུམ་གྱི་འབྲེལ་བ་ནི་ཐབས་བྱུས་དགོས་མཁོའི་སྟེང་ལ་ཤུགས་ཆེན་གཞིར་བཞག་ཡོད་པ་ལ། རྒྱ་གར་དང་རཱ་ཤི་ཡ་གཉིས་ཀྱིས། རྒྱ་ནག་དང་ལྷན་ཡོད་པའི་རང་གི་འབྲེལ་བ་ཆ་སྙོམས་བཟོ་ཆེད་ཕན་ཚུན་བེད་སྤྱོད་བྱེད་བཞིན་པ་ཆེད་མཁས་པས་འདོད།
དམག་འཁྲུག་གི་རྐྱེན་པས་རཱ་ཤི་ཡའི་དཔལ་འབྱོར་དང་། རང་བྱུང་ཐོན་ཁུངས་ཕྱིར་འཚོང་གི་ཐད་ནས་རྒྱ་ནག་ལ་བརྟེན་ཚབས་ཧ་ཅང་ཆེ་བ་གང་ཞིག་ལ། དོན་དངོས་སུ་རྒྱ་ནག་དང་རཱ་ཤི་ཡ་གཉིས་བར་དམག་དོན་གྱི་ཐད་ནས་ཡིད་ཆེས་ཆོག་པའི་འབྲེལ་བ་གཏིང་ཟབ་ཅིག་ཀྱང་མེད།

དེ་བཞིན་རྒྱ་གར་གྱིས་ཀྱང་རང་གི་ཁྲོམ་རའི་དགོས་མཁོ་དང་། ནུབ་ཕྱོགས་ཀྱི་དཔལ་འབྱོར་གནོན་ཤུགས་ལ་གདོང་ལེན་ཆེད། རྒྱ་ནག་དང་ལྷན་འཚོང་འབྲེལ་ཡར་རྒྱས་གཏོང་རྒྱུ་ནི་ཟློག་ཏུ་མེད་པ་གང་ཞིག་ལ། འཕགས་བོད་ས་མཚམས་དང་འབྲེལ་བའི་རྩོད་རྙོག་དག་སྔར་བཞིན།པགས་པའི་འོག་གི་རྣག་ཁྲག་ལྟར་ཕྱིར་རྡོལ་མེད་པས། རྒྱ་ནག་དང་ལྷན་ཡོད་པའི་རང་གི་འབྲེལ་བ་ཆ་སྙོམས་བཟོ་ཆེད། རཱ་ཤི་ཡ་དང་ཨ་རི་ལྷན་གང་ཐུབ་ཀྱིས་འབྲེག་ཐག་ཉེ་བོ་བྱེད་བཞིན་པ་གསལ།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག