Homeརྒྱལ་སྤྱི།དཀྱིལ་ཤར།རོགས་རམ་ཡོང་བཞིན་ཡོད། 

རོགས་རམ་ཡོང་བཞིན་ཡོད། 

Date:

ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས། ཨེ་རན་གྱི་རྒྱལ་གཅེས་པ་ཚོ། མུ་མཐུད་དུ་ངོ་རྒོལ་བྱོས། སྒྲིག་འཛུགས་དག་འཛིན་རོགས། བརྙས་བཅོས་བྱེད་མཁན་དང་ལག་དམར་ཚོའི་མིང་ཐོ་མཉར་རོགས། ཁོ་ཚོས་འདི་ལ་སྐྱིན་ཚབ་སྤྲོད་ངེས་ཡིན། རོགས་རམ་ཡོང་བཞིན་ཡོད་ཅེས་བྲིས།

ཨེ་རན་གྱི་ངོ་རྒོལ་ཁྲོད་འཆི་གྲངས་ 2,000 ལ་བུད་ཡོད་སྲིད་པ། ཨེ་རན་གྱི་ལས་བྱེད་ཅིག་གིས་རོའུ་ཀྲར་གསར་ཤོག་ལ་བཤད། ལས་བྱེད་འདིས།སྟབས་མ་ལེགས་པ་ཞིག་ལ་དྲག་སྤྱོད་པ་ཚོའི་རྐྱེན་གྱིས། ཚེ་སྲོག་ 2,000 ཡས་མས་ཤོར་ཡོད་སྲིད་ཅེས་བཤད། ཡིན་ན་ཡང་། དོན་དངོས་ཀྱི་འཆི་གྲངས་ནི།་འདི་ལས་ཀྱང་ཧ་ཅང་མཐོ་བའི་གནས་ཚུལ་འདྲ་མིན་ཞིག་ཐོན་བཞིན་པ་དང་། དེ་དང་ལྷན་ཕུང་པོ་མང་པོ་མཉམ་དུ་སྤུངས་ཡོད་པའི་པར་འགའ་ཕྱིར་ཐོན།

བདུན་ཕྲག་སྔོན་མའི་གཟའ་ཕུར་བུའི་ཉིན་ནས། ངོ་རྒོལ་བ་ཕན་ཚུན་བར་དང་། ངོ་རྒོལ་བ་ཚོ་དང་རྒྱལ་སྤྱིའི་བར་གྱི་འབྲེལ་བ་གཅོད་ཆེད། གཞུང་གིས་རྒྱལ་ཡོངས་སུ་དྲྭ་ལ་ཕལ་ཆེར་ཡོངས་སུ་བཀག་ཟིན་པས། གནས་ཚུལ་མང་པོ་ཞིག་ད་དུང་ཡང་ཕྱིར་ཐོན་མེད་པ་དང་། དེ་རིང་གཞི་ནས་ཁ་པར་གཏོང་ཐུབ་པའི་དྲྭ་རྒྱ་ཙམ་བསྐྱར་གསོ་བྱས་ཤིང་། གཞུང་གི་བྱང་བུ་བརྒྱུད་ཕྱི་རྒྱལ་ལ་ཕར་ཁ་པར་ཕར་གཏོང་ཐུབ་པ་ལས། ཕྱི་རྒྱལ་ནས་ཨེ་རན་ལ་ཁ་པར་གཏོང་མི་ཐུབ་པ་བཤད།

ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས་སྐར་མ་ 30 ཡི་སྔོན་དུ། ཨེ་རན་གྱི་རྒྱལ་གཅེས་པ་ཚོ། མུ་མཐུད་དུ་ངོ་རྒོལ་བྱོས། སྒྲིག་འཛུགས་དག་འཛིན་རོགས། བརྙས་བཅོས་བྱེད་མཁན་དང་ལག་དམར་ཚོའི་མིང་ཐོ་མཉར་རོགས། ཁོ་ཚོས་འདི་ལ་སྐྱིན་ཚབ་སྤྲོད་ངེས་ཡིན། དམར་གསོད་འདི་མཚམས་མ་བཞག་པར། ངས་ཨེ་རན་གྱི་ལས་བྱེད་ཚོར་ཐུག་རྒྱུ་མེད་པ་བཟོས་ཟིན། རོགས་རམ་ཡོང་བཞིན་ཡོད། ཨེ་རན་ཡང་བསྐྱར་རླབས་ཆེན་བཟོ་ཞེས་བྲིས།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག