Homeརྒྱལ་སྤྱི།ཨེ་ཤ་ཡ།རྒྱ་གཞུང་གིས་ཧོང་ཀོང་ལ་ཉེན་བརྡ།

རྒྱ་གཞུང་གིས་ཧོང་ཀོང་ལ་ཉེན་བརྡ།

Date:

རྒྱ་ནག་གཞུང་གིས། མེ་སྐྱོན་ཆག་སྒོ་འདི་གོ་སྐབས་སུ་བཟུང་ནས་རྒྱ་ནག་ལ་རྒོལ་བའི་ལས་འགུལ་བརྩམས་ཚེ། ཐབས་བྱུས་གང་འདྲ་ཞིག་ལག་བསྟར་བྱས་ཀྱང་། ང་ཚོས་ངེས་པར་དུ་རྗེས་འདེད་གཏོང་རྒྱུ་ཡིན་ཞེས་ཉེན་བརྡ་བཏང་།

བདུན་ཕྲག་སྔོན་མའི་གཟའ་ལྷག་པའི་ཕྱི་དྲོ། ཧོང་ཀོང་གི་ནུབ་ཕྱོགས་ཀྱི་ཐའེ་པོ་ཞེས་པའི་ས་ཁུལ་དུ། ཁང་བརྩེགས་སྐོར་ཞིག་མེ་འབར་ཟིན་པ་ལྟར། ཁ་སང་གཟའ་ཉི་མ་བར་དོན་རྐྱེན་འདིའི་ཁྲོད། མི་ 147 རྐྱེན་འདས་སུ་ཕྱིན་ཟིན་པ་གཏན་འཁེལ། ཕུང་ཕོ་ཁ་ཤས་ཤིག་སྐས་འཛེགས་བར་དང་། ཁང་པའི་སྒང་སོགས་ནས་བརྙེད་ཅིང་དེ་དག་གིས་ཕྱི་ལ་ཐར་རྒྱུར་འབད་པ་བྱས་ཡོད་པ་གསལ།

ད་དུང་ཡང་མི་ 40 ཡི་འཆི་གསོན་གནས་སྟངས་མ་ངེས་པ་དང་། ལྷག་པར་དོན་རྐྱེན་འདིའི་རྒྱུ་རྐྱེན་དངོས་ད་དུང་ཡང་མ་ཤེས་པས། ཧོང་ཀོང་མི་དམངས་ཁྲོད་ཁོང་ཁྲོ་དང་སྐྱོ་བ་ཤུགས་ཆེ་རུ་འགྲོ་བཞིན་པའི་གནས་ཚུལ་ཐོན། མེ་སྐྱོན་འདིའི་ཁྲོད་ཁྱི་དང་ཞི་མི། བྱ་རིགས་སོགས་ཁྱིམ་དུ་གསོས་པའི་སེམས་ཅན་ 340 ལ་ཤུགས་རྐྱེན་ཐེབས་ཤིང་། ཉུང་མཐར་སེམས་ཅན་གྲངས་ 45 བསད་ཟིན་པ་ཤེས།

གཞན་ཡང་དོན་རྐྱེན་འདི་ལ་རང་དབང་གིས་ཞིབ་འཇུག་དགོས་པ་ཤོད་མཁན། ཚོགས་པ་ཞིག་གི་མི་ཞིག་ཉེན་རྟོག་པས་བཟུང་ཟིན་པ་རོའུ་ཀྲར་གསར་ཤོག་གིས་གནས་ཚུལ་བཀོད། ཚོགས་པ་འདིས་རྒྱབ་སྐྱོར་མིང་རྟགས་ཁྲི་ 1 བསྡུས་ཤིང་། རང་དབང་གིས་ཞིབ་འཇུག་དགོས་པའི་རེ་སྐུལ་མང་དུ་ཕྱིན།

དེ་དང་ལྷན་རྒྱ་ནག་གཞུང་གིས། ཆག་སྒོ་འདི་གོ་སྐབས་སུ་བཟུང་ནས་རྒྱ་ནག་ལ་རྒོལ་བའི་ལས་འགུལ་བརྩམས་ཚེ། ཐབས་བྱུས་གང་འདྲ་ཞིག་ལག་བསྟར་བྱས་ཀྱང་། ང་ཚོས་ངེས་པར་དུ་རྗེས་འདེད་གཏོང་རྒྱུ་ཡིན་ཞེས་ཉེན་བརྡ་བཏང་། ཕྱི་ལོ་ 2019 ལོར་ཧོང་ཀོང་དུ་མང་གཙོའི་ལས་འགུལ་ཤུགས་ཆེན་བྱུང་ཞིང་། རྒྱ་ནག་གཞུང་གིས་ཐེངས་འདིར་དོགས་ཟོན་ཤུགས་ཆེན་བྱེད་བཞིན་པ་གསལ།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག