Homeརྒྱལ་སྤྱི།ཨེ་ཤ་ཡ།རྒྱ་ནག་གི་དམག་དོན་བཟོ་གྲྭའི་ཡོང་སྒོ་ཆག

རྒྱ་ནག་གི་དམག་དོན་བཟོ་གྲྭའི་ཡོང་སྒོ་ཆག

Date:

ལོ་སྔོན་མར་རྒྱ་ནག་གི་དམག་དོན་བཟོ་གྲྭ་དག་གི་ཡོང་སྒོ་བརྒྱ་ཆ་ 10% མར་ཆག་ཟིན་པ་བཤད། དེ་ནི་རྒྱ་ནག་གི་དམག་དཔུང་ཁྲོད། ལྐོག་ཟའི་གནད་དོན་ཡོད་པར་གཞུང་གིས་ཞིབ་འཇུག་བྱས་རྐྱེན་ཡིན་པ་བཤད།

གཟའ་ཟླ་བའི་ཉིན་ཞིབ་འཇུག་ཚོགས་པ་(SIPRI)ཞིག་གིས་སྙན་ཐོ་བཏོན་པ་ལྟར་ན། ལོ་སྔོན་མར་རྒྱ་ནག་གི་དམག་དོན་བཟོ་གྲྭ་དག་གི་ཡོང་སྒོ་བརྒྱ་ཆ་ 10% མར་ཆག་ཟིན་པ་བཤད། དེ་ནི་རྒྱ་ནག་གི་དམག་དཔུང་ཁྲོད། ལྐོག་ཟའི་གནད་དོན་ཡོད་པར་གཞུང་གིས་ཞིབ་འཇུག་བྱས་རྐྱེན་ཡིན་པ་དང་། ཕྱི་ལོ་ 2023 ནས་ཕྱི་ལོ་ 2024 བར་ཆེས་མཐོའི་དམག་དོན་ལས་བྱེད་ 8 ལྐོག་ཟ་དང་འབྲེལ། གོ་ས་ནས་འཕབ་ཟིན་པ་དང་འབྲེལ་བ་ཡོད་པ་བཤད།

དམག་དཔུང་གི་ཁྲོད་གནས་ཚུལ་འདི་དག་ལྷག་རྐྱེན། རྒྱ་ནག་གི་གོ་ལག་ཉོ་མཁན་མང་པོས་གན་རྒྱ་ཕྱིར་འཐེན་དང་། ཕར་འགྱངས་སོགས་བྱས་ཟིན་པ་གསལ། དམག་དོན་བཟོ་གྲྭ་དག་གི་ཡོང་སྒོ་ཉུང་དུ་ཕྱིན་པ་ཙམ་ཞིག་མ་ཡིན་པར། ལྐོག་ཟར་ཞིབ་འཇུག་དང་ལས་བྱེད་གནས་དབྱུང་སོགས་ཀྱི་རྐྱེན་པས། དམག་དཔུང་གི་ཁྲོད་རྙོག་ཟིང་ཆེན་པོ་ཞིག་བསླངས་ཟིན་པ་དང་། དེའི་རྐྱེན་པས་གལ་ཆེན་འཕུར་མདའ་དང་དེང་རབས་གོ་ལག་མང་པོ་ཞིག་དུས་ལྟར་བཟོ་ཐུབ་ཀྱི་མེད་པ་གསལ།

ཞེ་ཅེན་ཕིན་གྱིས་ཕྱི་ལོ་ 2027 བར་རྒྱ་ནག་གི་དམག་དཔུང་དང་། གོ་ལག་ཧྲིལ་བོ་དེང་རབས་ཅན་དུ་བསྒྱུར་འཆར་ཡོད་ཀྱང་། ད་ལྟ་དམག་དོན་ཡར་རྒྱས་དང་འབྲེལ་བའི་དམིགས་འབེན་གལ་ཆེན་འགའ་འགྲུབ་དཀའ་བ་ཚོད་དཔག་བྱེད། ཡིན་ན་ཡང་། རྒྱ་ནག་དམར་གཞུང་གིས་རང་གི་དམག་དཔུང་དེང་རབས་ཅན་དུ་བསྒྱུར་རྒྱུར་ཆོད་སེམས་བརྟན་པོ་ཡོད་པས། ད་ལྟ་རྒྱལ་སྤྱིའི་སྟེང་གི་ཆེ་ཤོས་ཡིན་པའི་མཚོ་དམག་གི་ནུས་པ་མུ་མཐུད་དུ་ཡར་རྒྱས། འཕུར་མདའ་དང་སྒྲི་རོན་གསར་བཟོ། རྡུལ་མཚོན་དེང་རབས་ཅན་དུ་སྒྱུར་རྒྱུ་སོགས་ཀྱི་ལས་གཞི་དག་མུ་མཐུད་དུ་སྤེལ་རྒྱུ་ཡིན་པ་བཤད། 

སྤྱིར་ལོ་སྔོན་མར་ཉི་ཧོང་དང་མཇར་མན། ཨ་རི་བཅས་ཀྱི་དམག་དོན་བཟོ་གྲྭའི་ཡོང་སྒོ་ཤུགས་ཆེན་འཕར་ཅིང་། རྒྱལ་སྤྱིའི་གོ་ལག་བཟོ་གྲྭ་གཙོ་བོ་ 100 ཡི་ཡོང་སྒོ་བརྒྱ་ཆ་ 6% ཡར་འཕར་ཟིན་པ་དང་། དེ་ནི་ཨ་སྒོར་ཐེར་འབུམ་ $679 ཡི་རིན་ཐང་ཡིན་པ་ལ། རྒྱུ་རྐྱེན་གཙོ་བོ་ནི་རཱ་ཡུའི་དམག་འཁྲུག་དང་། གྷ་ཛ་ས་ཁུལ་གྱི་དམག་འཁྲུག་གྱུར་ཟིན་པ་བཤད།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག