Homeརྒྱལ་སྤྱི།ཨེ་ཤ་ཡ།རྒྱ་ནག་གིས་སླར་ཡང་དམག་གྲུ་མང་པོ་སྤུངས།

རྒྱ་ནག་གིས་སླར་ཡང་དམག་གྲུ་མང་པོ་སྤུངས།

Date:

བདུན་ཕྲག་འདིའི་འགོར་རྒྱ་ནག་གིས་དམག་གྲུ་ 100 ལས་མང་བ་ཤར་ཨེ་ཤ་ཡའི་རྒྱ་མཚོའི་ནང་དུ་བཀྲམས་ཡོད་པ་ལ། ཁ་སང་ཞོགས་པའང་ཉུང་མཐར་གྲུ་གཟིངས་ 90 ལས་མང་བ་སྔར་བཞིན་རྒྱ་མཚོའི་སྟེང་དུ་བཀྲམས་ཡོད་པ་བཤད་ཅིང་། 

རྒྱ་ནག་གིས་སླར་ཡང་ཤར་ཨེ་ཤི་ཡའི་རྒྱ་མཚོ་དག་གི་ནང་དུ་དམག་མི་དང་། དམག་གྲུ་ཕོན་ཆེན་སྤུང་བཞིན་པ་རོའུ་ཀྲར་གསར་ཤོག་གིས་གནས་ཚུལ་བཀོད། སྔར་གྱི་སྲོལ་ལྟར་ན་དུས་ཚིགས་འདི་ནི་རྒྱ་ནག་གིས་དམག་སྦྱོང་ཆེན་པོ་དག་བྱེད་པའི་དུས་ཚོད་ཡིན་པ་གསལ། བདུན་ཕྲག་འདིའི་འགོར་དམག་གྲུ་ 100 ལས་མང་བ་རྒྱ་མཚོ་འདི་དག་གི་ནང་དུ་བཀྲམས་ཡོད་པ་ལ། ཁ་སང་ཞོགས་པའང་ཉུང་མཐར་གྲུ་གཟིངས་ 90 ལས་མང་བ་སྔར་བཞིན་རྒྱ་མཚོའི་སྟེང་དུ་བཀྲམས་ཡོད་པ་བཤད།

འདི་ནི་ད་ལྟ་བར་རྒྱ་ནག་གིས་དུས་མཉམ་དུ་མཚོ་ཐོག་ཏུ་སྤུངས་བའི་གྲུ་གཟིངས་གྲངས་མང་ཤོས་དེ་ཡིན་པ་གསལ། ད་ལོའི་ཕྱི་ཟླ་ 11 ཚེས་ 14 ཉིན་ཏེ་རྒྱ་ནག་དང་ཉི་ཧོང་བར་གྱི་ཕྱི་འབྲེལ་སྡུག་ཏུ་ཕྱིན་པ་ནས་བཟུང་། རྒྱ་ནག་གིས་རྒྱུན་ལྡན་གྱི་གྲངས་ཚད་ལས་བརྒལ་བའི་དམག་གྲུ་མང་པོ་རྒྱ་མཚོའི་ནང་གཏོང་འགོ་བཙུགས་ཟིན་པ་བཤད། གནས་ཚུལ་འདི་ནི་རྒྱ་ནག་གི་བདེ་སྲུང་དགོས་མཁོ་ཙམ་ལས་བརྒལ་ཡོད་པ་དང་། འདིས་ཕྱོགས་ཚང་མར་ཉེན་ཁ་བཟོ་བཞིན་པ་བཤད།

 རྒྱ་ནག་གི་ཉེ་འཁོར་གྱི་རྒྱལ་ཁབ་ཚོས་འདིར་ཐག་ཉེ་ནས་ལྟ་བཞིན་པ་དང་། རྒྱལ་ཁབ་འདི་དག་གང་རུང་གི་ལས་བྱེད་ཅིག་གིས། གནས་ཚུལ་ཞིག་འབྱུང་རྒྱུའི་རྟགས་ད་ལྟ་བར་མ་ཐོན་ཞེས་བཤད། ཉེ་དུས་ཐེ་ཝན་དང་འབྲེལ་བའི་ཉི་ཧོང་སྲིད་བློན་གྱི་སྐད་ཆ་དང་། ཐེ་ཝན་གྱིས་རང་གི་བདེ་སྲུང་འགྲོ་གྲོན་སྔོན་རྩིས་ཐོལ་བ་ཨ་སྒོར་ཐེར་འབུམ་ $40 གཏོང་འཆར་ཡོད་པར་བཤད་པ་དེས་རྒྱ་ནག་ལ་ཁོང་ཁྲོ་བསླངས་ཟིན།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག