Homeདཔལ་འབྱོར།ཚོང་འབྲེལ།རྒྱ་ནག་ཚོང་འབྲེལ་སྙན་ཐོ།

རྒྱ་ནག་ཚོང་འབྲེལ་སྙན་ཐོ།

Date:

ད་ལོའི་ཕྱི་ཟླ་ 1 ནས་ཕྱི་ཟླ་ 11 བར་གྱི་རྒྱ་ནག་གི་ཚོང་འབྲེལ་རིན་ཐང་དེ་ཨ་སྒོར་ཁྲག་ཁྲིག་ཆེན་མོ་ $1 ལས་བརྒལ་ཅིང་། འདི་ནི་ལོ་རྒྱུས་ནང་རྒྱ་ནག་གི་ཚོང་འབྲེལ་རིན་ཐང་དེ་ཨ་སྒོར་ཁྲག་ཁྲིག་ཆེན་མོ་ཞིག་ལས་བརྒལ་བ་ཐོག་མ་དེ་གྱུར།

ད་ལོའི་ཕྱི་ཟླ་ 1 ནས་ཕྱི་ཟླ་ 11 བར་གྱི་རྒྱ་ནག་གི་ཚོང་འབྲེལ་རིན་ཐང་དེ་ཨ་སྒོར་ཁྲག་ཁྲིག་ཆེན་མོ་ $1 ལས་བརྒལ་ཅིང་། འདི་ནི་ལོ་རྒྱུས་ནང་རྒྱ་ནག་གི་ཚོང་འབྲེལ་རིན་ཐང་དེ་ཨ་སྒོར་ཁྲག་ཁྲིག་ཆེན་མོ་ཞིག་ལས་བརྒལ་བ་ཐོག་མ་དེ་གྱུར། ད་ལོའི་ཕྱི་ཟླ་ 10 ནང་རྒྱ་ནག་གི་ཕྱིར་འཚོང་རིན་ཐང་དེ་ཅུང་མར་ཟག་ཟིན་པས། ཕྱི་ཟླ་ 11 ནང་བརྒྱ་ཆ་ 3.8% ལས་ཡར་འཕར་རྒྱུ་མིན་པ་དབྱེ་ཞིབ་པ་ཚོས་སྔོན་དཔག་བྱས་ཟིན་ནའང་། ལོ་སྔོན་མའི་དུས་ཡུན་གཅིག་པ་དང་བསྡུར་ན། ད་ལོའི་ཕྱི་ཟླ་ 11 ནང་ཕྱིར་འཚོང་རིན་ཐང་དེ་བརྒྱ་ཆ་ 5.9% ཡར་འཕར།
ཕྱི་ཟླ་ 11 ནང་གཅིག་བུར་ཚོང་འབྲེལ་རིན་ཐང་དེ་ཨ་སྒོར་ཐེར་འབུམ་ $111.68 ལ་བུད།

ཟླ་བ་རེ་རེ་བསྡུར་ན་འདི་ནི་ད་ལོའི་ཕྱི་ཟླ་ 6 ནས་ཚད་གཞི་མཐོ་ཤོས་དེ་གྱུར། ཨ་རིས་རྒྱ་ནག་གི་ཚོང་ཟོག་སྟེང་སྒོ་ཁྲལ་བཀལ་རྗེས། རྒྱ་ནག་གི་ཁེ་གཉེར་ཚོས། ཡུ་རོབ་དང་ཨོ་སི་ཁྲོ་ལི་ཡ། ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་དག་ལ་ཚོང་ཟོག་ཕོན་ཆེན་བཙོང་ཟིན་པ་གསལ། ལོ་སྔོན་མའི་དུས་ཡུན་གཅིག་པ་དང་བསྡུར་ན། རྒྱ་ནག་ནས་ཨ་རིར་ཕྱིར་འཚོང་བྱས་ཟིན་པའི་ཚོང་ཟོག་རིན་ཐང་བརྒྱ་ཆ་གྲངས་ཆུང་ .33% ལ་མར་ཟག གོང་གི་བརྒྱ་ཆ་འདིའི་མང་ཆེ་བ་རྒྱ་ནག་གིས་ཚོང་ཟོག་ཕྱིར་བཙོང་ཟིན་པའི་རིན་ཐང་ཡིན་པས། རྒྱ་ནག་གི་ཚོང་རྫས་ཀྱིས་སྔར་བཞིན་གོ་ལའི་ཁྲོམ་རར་ཁེ་ཕན་ཆེན་པོ་ཟ་བཞིན་པ་དཔལ་འབྱོར་རིག་པ་བ་ཞིག་གིས་རོའུ་ཀྲར་གསར་ཤོག་ལ་བཤད།

བྱེ་བྲག་ཏུ་ཕྱིན་ན་ད་ལོའི་ཕྱི་ཟླ་ 11 ནང་། རྒྱ་ནག་ནས་ཨ་རིར་བཙོང་བའི་ཚོང་ཟོག་དེ་བརྒྱ་ཆ་ 29% མར་ཆག་ཟིན་པ་དང་། དེ་དང་ལྷན་རྒྱ་ནག་ནས་ཡུ་རོབ་ལ་བཙོང་བའི་ཚད་དེ་བརྒྱ་ཆ་ 14.8 ཡར་འཕར་ཅིང་། དེ་བཞིན་རྒྱ་ནག་ནས་ཨོ་སི་ཁྲོ་ལི་ཡར་བཙོང་བའི་ཚད་བརྒྱ་ཆ་ 35.8% བཅས་ཤུགས་ཆེན་འཕར་བ། རྒྱ་ནག་ནས་ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་དག་ཏུ་དྲངས་པའི་ཚོང་ཟོག་ཚད་བརྒྱ་ཆ་ 8.2% ཡར་འཕར་ཟིན་པ་བཤད། ད་ལོའི་ཕྱི་ཟླ་ 10 ནང་ཞེ་ཅེན་ཕིན་དང་སྒྲོ་ནལ་ཁྲི་རམ་ཕུ་གཉིས་ལྷོ་ཀོ་རེ་ཡར་ཐུག་ཅིང་། ཨ་རིས་རྒྱ་ནག་གི་སྟེང་བཀལ་བའི་སྒོ་ཁྲལ་དེ་བརྒྱ་ཆ་ 47% ལ་མར་འཕབ། ཡིན་ན་ཡང་། དེ་ལ་བརྟེན་ནས་ཕྱི་ཟླ་ 11 ནང་རྒྱ་ནག་ནས་ཨ་རིར་བཙོང་བའི་ཚད་ཡར་སྤར་མ་ཐུབ།

དཔལ་འབྱོར་རིག་པ་ཚོ་ལྟར་ན། དོན་དངོས་སུ་རྒྱ་ནག་གི་སྟེང་བཀལ་བའི་ཨ་རིའི་སྒོ་ཁྲལ་དེ་བརྒྱ་ཆ་ 40% ཡི་སྒང་ལ་བུད་ཚེ། རྒྱ་ནག་གི་ཁེ་གཉེར་དག་ལ་ཚོང་གི་ཁེ་ཕན་མེད་པ་འགྱུར་བཞིན་པས། རྒྱ་ནག་གི་ཁེ་གཉེར་ཚོས། མུ་མཐུད་དུ་ཨ་རི་མ་ཡིན་པའི་ཁྲོམ་ར་གཞན་འཚོལ་དགོས་གྱུར་བ་རེད་ཅེས་བཤད། རྒྱ་ནག་གིས་ཕྱིར་བཙོང་ཟིན་པའི་ཚོང་རྫས་གཙོ་བོ་དག་ནི། རླངས་འཁོར་སོགས་བཟོ་བར་མཁོ་བའི་སྤུས་ཀ་ཞན་པའི་འཕྲུལ་ལག་(Chips)དང་། གློག་ཆས་ཀྱི་རིགས་འདྲ་མིན་གཉིས་ཡིན་པ་བཤད། འཕྲུལ་ལག་ཤུགས་ཆེན་འཚོང་ཐུབ་པ་ནི་སྤྱིར་རྒྱལ་སྤྱིའི་སྟེང་འཕྲུལ་ལག་ལ་དགོས་མཁོ་ཆེ་རུ་འགྲོ་བཞིན་པ་དང་། འཕྲུལ་ལག་གི་རིན་གོང་ལ་འགྲན་རྩོད་ཆེ་བས་ཡིན་པ་བཤད།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག