Homeརྒྱལ་སྤྱི།ཨ་མེ་རི་ཀརྡོ་སྣུམ་སྐྱེལ་སའི་ལམ་ཀ་གཅོད་ཐབས་བྱེད་པ།

རྡོ་སྣུམ་སྐྱེལ་སའི་ལམ་ཀ་གཅོད་ཐབས་བྱེད་པ།

Date:

ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས། ཝེ་ནེ་ཛོ་ལའི་མཐའ་ལ་མཚོ་དམག་གིས་ཡོངས་སུ་བསྐོར་ཟིན། ཁོ་ཚོས་སྔར་བརྐུས་ཟིན་པའི་ང་ཚོའི་རྡོ་སྣུམ་དང་ས་ཆ། རྒྱུ་རྫས་གཞན་དག་ཕྱིར་མ་བསློག་བར་དུ། ད་དུང་གནས་སྟངས་འདི་ཆེ་རུ་འགྲོ་རྒྱུ་རེད་ཅེས་བཤད།

ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས། ཝེ་ནེ་ཛོ་ལའི་མཐའ་ལ་མཚོ་དམག་གིས་ཡོངས་སུ་བསྐོར་ཟིན། ཁོ་ཚོས་སྔར་བརྐུས་ཟིན་པའི་ང་ཚོའི་རྡོ་སྣུམ་དང་ས་ཆ། རྒྱུ་རྫས་གཞན་དག་ཕྱིར་མ་བསློག་བར་དུ། ད་དུང་གནས་སྟངས་འདི་ཆེ་རུ་འགྲོ་རྒྱུ་དང་། གླུ་བུར་དུ་(དྲག་རྒོལ་སྔར་མཐོང་མྱོང་མེད་པ་ཞིག་གིས་)ཧོན་འཐོར་དུ་འཇུག་རྒྱུ། ཁྲིམས་འགལ་གྱི་མཱ་རྡུ་རོ་གཞུང་གིས། བརྐུས་ཟིན་པའི་རྡོ་སྣུམ་བཟོ་གྲྭ་ནས་རྡོ་སྣུམ་བེད་སྤྱོད་ཀྱིས། ཁོ་ཚོ་རང་ཉིད་ཀྱི་ཆེད་དང་ཉལ་ཐ་ཚོང་སྒྱུར་ཆེད། མི་འཚོང་རྒྱག་ཆེད། དམར་གསོད་དང་བཙན་འཁྲིད་སོགས་ཀྱི་ཆེད་བེད་སྤྱོད་བྱེད་བཞིན་པ་རེད། བརྐུས་ཟིན་པའི་རྒྱུ་ནོར་འདི་དག་གི་ཆེད་དང་། རྒྱུ་མཚན་གཞན་དག་མང་པོའི་རྐྱེན་པས་ཝེ་ནེ་ཛོ་ལའི་གཞུང་འདི་(ཨ་རིས)ཕྱི་རྒྱལ་དྲག་སྤྱོད་ཚོགས་པའི་ཁོངས་སུ་བཅུག་ཟིན་པ་རེད།

དེར་བརྟེན་དེ་རིང་ངས། ཝེ་ནེ་ཛོ་ལར་འགྲོ་མཁན་དང་ཝེ་ནེ་ཛོ་ལ་ནས་ཡོང་མཁན་གྱི་རྡོ་སྣུམ་གྲུ་སྐྱེལ་མཁན་གྲུ་གཟིངས། ཉེས་ཆད་འོག་ཚུད་ཟིན་པ་ཚང་མ་འགྲོ་རུ་མི་འཇུག་རྒྱུའི་བཀའ་བཏང་པ་ཡིན་ཞེས་བཤད།ཁོས། ཁྲིམས་འགལ་སྐྱབས་བཅོལ་བ་དང་ནག་ཉེས་ཅན་སོགས། མཱ་རྡུ་རོ་གཞུང་གིས་བྷ་ཀྲན་གྱི་སྐབས་སུ་ཨ་རིའི་རྒྱལ་ནང་དུ་བཏང་ཟིན་པ་དག་ཕྱིར་ཝེ་ནེ་ཛོ་ལར་མགྱོགས་པོར་བསློག་རྒྱུ་ཡིན། ཨ་རིས་རང་གི་རྒྱལ་ཁབ་ལ་གཞན་གྱིས་གནོད་འཚེ་བྱ་རུ་མི་འཇུག་ལ། རང་གི་རྒྱུ་ནོར་གཞན་ལ་རྐུ་རུ་འཇུག་རྒྱུ་མིན་པ་དང་། བརྐུས་ཟིན་པ་དག་ངེས་པར་དུ་ཨ་རིར་ཕྱིར་བསློག་དགོས་པ་བཤད། ཨ་རིས་ཝེ་ནེ་ཛོ་ལའི་ཚོང་ལམ་གཅོད་ཀྱི་པ་འདིས། གནས་སྟངས་མགྱོགས་པོར་སྡུག་ཏུ་གཏོང་བཞིན་པ་གསལ།

དེ་བཞིན་ཨ་རིའི་དམག་དཔུང་གིས། སླར་ཡང་ཞི་བདེ་རྒྱ་མཚོའི་ནང་དུ་འགྲོ་བཞིན་པའི་གྲུ་གཟིངས་ཆུང་ཆུ་ 3 གྱི་སྟེང་གཏོར་རྒོལ་བྱས་ཟིན་པ་དང་། ཐེངས་འདིའི་གཏོར་རྒོལ་ཁྲོད་མི་ 8 བསད་ཟིན་པ་བསྒྲགས། ཨ་རི་ལྟར་ན་གྲུ་གཟིངས་འདི་དག་གི་ནང་དུ་ཉལ་ཐ་ལྐོག་འདྲེན་བྱེད་བཞིན་པ་བཤད། ད་ལོའི་ཕྱི་ཟླ་ 9 ཚེས་ 2 ཉིན་ནས་ཨ་རིའི་དམག་དཔུང་གིས། ཁཱ་རེ་བྷེ་ཡན་དང་ཞི་བདེ་རྒྱ་མཚོའི་ནང་དུ་གྲུ་གཟིངས་ 20 ལས་མང་བར་གཏོར་རྒོལ་བྱས་ཤིང་། འདིའི་ཁྲོད་ད་ལྟ་བར་ཉུང་མཐར་མི་ 90 བསད། ལྷག་པར་གཏོར་རྒོལ་དང་པོའི་སྐབས་སུ། ནང་གི་མི་ཚང་མ་སོད་ཅིག་ཨ་རིའི་དམག་འཁྲུག་ལྷན་ཁང་གི་དྲུང་ཆེ་ཡོས་བཀའ་བཏང་བ་དེ་རྙོག་གྲ་ཆེན་པོ་ཞིག་ཏུ་གྱུར།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག