Homeརྒྱལ་སྤྱི།བྱང་ཨ་རི། ལག་དེབ་ལྗང་ཁུ་ཚང་མར་ཞིབ་འཇུག

ལག་དེབ་ལྗང་ཁུ་ཚང་མར་ཞིབ་འཇུག

Date:

ཨ་རིའི་སྐྱབས་བཅོལ་དང་གནས་སྤོ་དང་འབྲེལ་བའི་ལས་ཁུངས་(USCIS)ཀྱིས། གནས་སྤོ་(སྐྱབས་བཅོལ།)དང་འབྲེལ་བའི་ལས་གཞི་ཚང་མ་རེ་ཞིག་མཚམས་འཇོག་རྒྱུ་ཡིན་པ་བསྒྲགས། ལས་ཁུངས་འདིས། ཨ་རིའི་རྒྱལ་ནང་དུ་འཛུལ་བའི་གནས་སྤོ་བ་ཚང་མར་ཞིབ་འཇུག་ཆ་ཚང་བྱས་རྗེས་མ་གཏོགས། ལས་གཞི་འདི་བསྐྱར་གསོ་བྱ་རྒྱུ་མིན། ཨ་རིའི་མི་དམངས་ཀྱི་བདེ་འཇགས་ནི་དང་པོ་རེད་ཅེས་བསྒྲགས།

དེའི་དོན་ནི་ཨ་རིའི་རྒྱལ་ནང་དུ་འདུག་ཆོག་པའི་ཆོག་མཆན་ཞུས་ཟིན་པའི་སྙན་ཞུ་ཚང་མ་དང་། འབུལ་རྒྱུའི་སྙན་ཞུ་བཅས་ཚང་མར་ཆོག་མཆན་སྤྲད་རྒྱུ་མཚམས་འཇོག་དང་། སྙན་ཞུ་འབུལ་མཁན་དག་ལ་ཞིབ་འཇུག་བྱ་རྒྱུ་ཡིན་ཞེས་པ་དེ་རེད། འགྱུར་བ་འདིའི་ཐད་ཀའི་རྒྱུ་རྐྱེན་ནི།
གཟའ་ལྷག་པའི་ཉིན། ཨ་རིའི་རྒྱལ་སར་ཨ་ཧྥི་གྷན་གྱི་མི་ཞིག་གིས་མེ་མདའ་བརྒྱབས་ནས་རྒྱལ་སྲུང་དམག་མི་ 2 ལ་རྨས་སྐྱོབ་ཚབས་ཆེན་བཟོས་ཤིང་། དེ་ལས་དམག་མི་བུ་མོ་ལོ་ 20 ཅན་ཞིག་རྐྱེན་འདས་སུ་ཕྱིན་ཟིན་པ་དེ་གྱུར། 

སྔོན་དཔག་ལྟར་སྒྲོ་ནལ་ཁྲི་རམ་ཕུ་སྲིད་གཞུང་གིས། གོ་སྐབས་འདི་བཟུང་ནས། བྷ་ཀྲན་གྱི་སྐབས་སུ་ཨ་རིའི་རྒྱལ་ནང་ལ་འཛུལ་བའི་མི་ཚང་མར་གཞི་རྒྱ་ཆེ་བའི་ཞིབ་འཇུག་ཅིག་བྱ་རྒྱུ་ཡིན་པ་གསལ། འདིའི་སྔོན་དུ་ཡར་རྒྱས་མ་ཕྱིན་པའི་རྒྱལ་ཁབ་ཚང་མ་ནས་གནས་སྤོ་བ་ལེན་རྒྱུ་མཚམས་འཇོག་དང་། རྒྱལ་ཁབ་ 19 ནས་ཡོང་བའི་མིའི་གནས་སྡོད་ཡིག་ཆ། དེབ་ལྗང་ཁུ་ལ་བསྐྱར་ཞིབ་བྱ་རྒྱུ་ཡིན་པ་བསྒྲགས། འབྲེལ་ཡོད་གནས་ཚུལ་གསར་བ་གང་ཡོད་སྐབས་ཐོག་ཏུ་དགོད་རྒྱུ། 

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག