Homeརྒྱལ་སྤྱི།ཨེ་ཤ་ཡ།ལྷོ་ཤར་ཨེ་ཤ་ཡར་ཆུའི་འཇིགས་པ།

ལྷོ་ཤར་ཨེ་ཤ་ཡར་ཆུའི་འཇིགས་པ།

Date:

ཨིན་རྡུ་ནེ་ཤི་ཡར་ཆུ་ལོག་སོགས་ཀྱི་རྐྱེན་པས། མིའི་འཆི་གྲངས་ 502 ལ་འཕར་ཅིང་ད་དུང་ཡང་མི་ 508 འཆི་གསོན་མ་ངེས་པ་བཤད། ཤི་རི་ལངྒར་མི་ 334 དང་ཐེ་ལན་དུ་མི་ 170 རྐྱེན་འདས་སུ་ཕྱིན་ཟིན་པའི་གནས་ཚུལ་ཐོན།

བདུན་ཕྲག་སྔོན་མར་ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ཐེ་ལན་དང་། མཱ་ལི་ཤི་ཡ། ཤི་རི་ལངྒ། ཨིན་རྡུ་ནེ་ཤི་སོགས་སུ་ཆར་བ་ཤུགས་ཆེན་བབས་ཟིན་པ་ལྟར། ཨིན་རྡུ་ནེ་ཤི་ཡའི་ས་ཁུལ་ཆེན་པོ་ 3 གྱི་མི་ས་ཡ་ 1.4 ལ་ཤུགས་རྐྱེན་ཐེབས་ཤིང་། ད་ལྟ་བར་རྒྱལ་ཁབ་འདིར་ཆུ་ལོག་སོགས་ཀྱི་རྐྱེན་པས། མིའི་འཆི་གྲངས་ 502 ལ་འཕར་ཅིང་ད་དུང་ཡང་མི་ 508 འཆི་གསོན་མ་ངེས་པ་བཤད། ཤི་རི་ལངྒར་མིན་ 334 དང་ཐེ་ལན་དུ་མི་ 170 རྐྱེན་འདས་སུ་ཕྱིན་ཟིན་པའི་གནས་ཚུལ་ཐོན། ད་དུང་ཡང་ཨིན་རྡུ་ནེ་ཤི་ཡའི་ས་ཁུལ་ཁ་ཤས་སུ་མྱུར་སྐྱོབ་རུ་ཁག་སླེབས་མ་ཐུབ་པ་བཤད།

ཤི་རི་ལངྒའི་ཡུལ་དུ་ད་དུང་ཡང་མི་ 370 མ་རྙེད་པ་དང་། མི་གྲངས་ 148,000 གནས་སྐབས་སྡོད་གནས་སུ་སྤོས་ཟིན་པ་བཤད། དེ་བཞིན་ཤི་རི་ལངྒའི་གཞུང་གིས། ཡུལ་འདིར་རོགས་སྐྱོར་དགོས་པ་རྒྱལ་སྤྱིའི་སྤྱི་ཚོགས་སུ་འབོད་སྐུལ་ཞུས། ཐེ་ལན་གྱི་མི་ས་ཡ་མང་པོའི་སྡོད་གནས་ལ་གཏོར་སྐྱོན་འདྲ་མིན་ཐེབས།

སྤྱིར་དུས་ཚིགས་དང་བསྟུན། རྒྱལ་ཁབ་འདི་དག་ཏུ་ཆར་ཆུའི་དཀའ་ངལ་ཆེ་ནའང་། ད་ལྟ་གོ་ལའི་ཚ་དྲོད་ཀྱི་རྐྱེན་པས། མཚོ་རླུང་གི་ནུས་པ་ཤུགས་ཆེ་རུ་འགྲོ་བཞིན་པ་ཆེད་མཁས་པ་ཚོས་བཤད། དེ་ལ་བརྟེན་ནས་རྒྱལ་ཁབ་དག་གི་དཔལ་འབྱོར་ལའང་ཤུགས་རྐྱེན་ངན་པ་ཐེབས་བཞིན་པ་བཤད།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག