Homeརྒྱལ་སྤྱི།ལྷོ་ཨ་ཧྥེ་རི་ཀས་མི་དཀར་དག་གསོད་ཀྱི་འདུག

ལྷོ་ཨ་ཧྥེ་རི་ཀས་མི་དཀར་དག་གསོད་ཀྱི་འདུག

Date:

སྒྲོ་ནལ་ཁྲི་རམ་ཕུས། ལྷོ་ཨ་ཧྥེ་རི་ཀའི་གཞུང་གིས། ཡུལ་དེར་ཡོད་པའི་ནེ་རྡར་ལན་ཀྲི་དང་མཇར་མན། ཧྥ་རན་སི་སོགས་ཀྱི་མི་བརྒྱུད་དག་གི་འགྲོ་བ་མིའི་ཐོབ་ཐང་འཕྲོག་པའི་ཐད་ཁས་ལེན་གང་ཡང་མ་བྱས་རྐྱེན་སྐུ་ཚབ་བཏང་མེད་ཅེས་བཤད། 

ཟླ་བ་འདིའི་ཚེས་ 22 ནས་ཚེས་ 23 བར་ལྷོ་ཨ་ཧྥེ་རི་ཀ་རྒྱལ་ཁབ་ཏུ། སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་(G20)ད་ལོའི་ཚོགས་ཆེན་དེ་ཚོགས་པར་ཚོགས་ཐོག་ཏུ་ཨ་རི་མ་ཞུགས། ཚོགས་འདུ་འདིར་ཨ་རིའི་སྐུ་ཚབ་མ་བཏང་བའི་ཐད། མདང་དགོང་ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས། ལྷོ་ཨ་ཧྥེ་རི་ཀའི་གཞུང་གིས། ཡུལ་དེར་ཡོད་པའི་ནེ་རྡར་ལན་ཀྲི་དང་མཇར་མན། ཧྥ་རན་སི་སོགས་ཀྱི་མི་བརྒྱུད་དག་གི་འགྲོ་བ་མིའི་ཐོབ་ཐང་འཕྲོག་པའི་ཐད་ཁས་ལེན་གང་ཡང་མ་བྱས་རྐྱེན་ཡིན། སྐད་ཆ་ཐད་ཀར་བཤད་ན། ཁོ་ཚོས་(ལྷོ་ཨ་ཧྥེ་རི་ཀའི་མི་ནག་ཚོས།)མི་དཀར་ཚོ་གསོད་ཀྱི་ཡོད་ལ། མི་དཀར་ཚོའི་ཞིང་ས་འཕྲོག་ཏུ་འཇུག་བཞིན་ཡོད་ཅེས་བྲིས།

ད་དུང་ཁོས། ཆེས་སྡུག་ཤོས་ཤིག་ནི་ནེའུ་ཡོག་དུས་བབ་དང་གསར་ཁང་རྫུན་མ་དག་གིས། དམར་གསོད་འདི་ལ་ངོ་རྒོལ་ཚིག་གཅིག་ཀྱང་མི་འགོད་པ་དེ་རེད། རྒྱུ་མཚན་འདི་ལ་བརྟེན་ནས་རྫུན་ཤོད་མཁན་དང་ཐལ་མཐའ་ལྷུང་བའི་གུ་ཡངས་རིང་ལུགས་ཀྱི་གསར་ཁང་དག་ལ་ཚོང་ལས་མེད་པ་འགྱུར་བཞིན་པ་རེད། ཐེངས་འདིའི་ཚོགས་ཆེན་གྱི་མཇུག་བསྡོམས་མཛད་སྒོར་ཨ་རིའི་གཞུང་ཚབ་ལས་བྱེད་ཞུགས་ཡོད་ཀྱང་། ཐེངས་རྗེས་མའི་ཚོགས་འདུའི་འཛིན་སྐྱོང་དབང་ཆ་དེ་ཨ་རིར་སྤྲད་མི་འདུག དེར་བརྟེན་ལོ་རྗེས་མའི་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ཚོགས་འདུ་དེ་ཨ་རིའི་མཱ་ཡ་མེ་གྲོང་ཁྱེར་དུ་ཚོགས་སྐབས། ལྷོ་ཨ་ཧྥེ་རི་ཀ་མགྲོན་འབོད་བྱ་རྒྱུ་མིན།

ལྷོ་ཨ་ཧྥེ་རི་ཀའི་ངོས་ནས་རང་ཉིད་ཚོགས་པ་འདིའི་ཁོངས་གཏོགས་ཚད་ལྡན་ཞིག་མིན་པ་འཛམ་གླིང་ལ་བསྟན་པ་རེད། ང་ཚོས་ཁོ་ཚོར་རོགས་སྐྱོར་བྱེད་བཞིན་པ་ཚང་མ་ད་ལྟ་ཉིད་དུ་འགོག་རྒྱུ་ཡིན་ཞེས་བྲིས། སྒྲོ་ནལ་ཁྲི་རམ་ཕུ་སྲིད་གཞུང་དང་ཨ་རིའི་རྙིང་ཞེན་ཤོག་ཁག་གི་མི་མང་པོ་ལྟར་ན། ལྷོ་ཨ་ཧྥེ་རི་ཀ་རུ་མི་བརྒྱུད་དཀར་པོ་ཚོ་དམར་གསོད་བྱེད་བཞིན་ནའང་། ནུབ་ཕྱོགས་ཀྱི་གུ་ཡངས་ཤོག་ཁག་གི་གསར་ལམ་དག་གིས། གནས་ཚུལ་འདི་སྣང་མེད་ཀྱིས་མི་ནག་དང་ཨེ་ཤ་ཡ། གྲངས་ཉུང་མི་རིགས་དག་དང་འབྲེལ་བའི་དོན་རྐྱེན་དག་གཙོ་འདོན་གྱིས། མི་དཀར་ཚོ་ནུས་མེད་དང་། མི་དཀར་ཚོའི་ཐོབ་དབང་ཆུང་དུ་བཏང་བ་བརྒྱུད། ཁོ་ཚོ་རང་གི་ཆབ་སྲིདཁེ་ཕན་སྒྲུབ་བཞིན་པ་ཤོད་ཀྱི་ཡོད།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག