Homeདཔལ་འབྱོར།འཕྲུལ་རིགསམ་སང་ཁ་པར་གསར་བ།

སམ་སང་ཁ་པར་གསར་བ།

Date:

ཁ་སང་ལྷོ་ཀོ་རེ་ཡའི་སམ་སང་(Samsang)འཕྲུལ་རིག་ཁེ་གཉེར་དང་བཟོ་གྲྭས། ཁོ་ཚོའི་ཁ་པར་ཐོན་གསར་བ་སུམ་ལྟེབ་རྒྱག་ཐུབ་པ་ཐོན་རིམ་དང་པོ་དེ་ཕྱིར་བཏོན། འདི་ནི་ཁོ་ཚོ་མུ་མཐུད་དུ་ཁ་པར་གྱི་ཁྲོམ་རའི་འགྲན་རྩོད་ཁྲོད་ཞུགས་པའི་གོ་སྟབས་ཤིག་ཏུ་གྱུར།

ཁ་སང་ལྷོ་ཀོ་རེ་ཡའི་སམ་སང་(Samsang)འཕྲུལ་རིག་ཁེ་གཉེར་དང་བཟོ་གྲྭས། ཁོ་ཚོའི་ཁ་པར་ཐོན་གསར་བ་སུམ་ལྟེབ་རྒྱག་ཐུབ་པ་ཐོན་རིམ་དང་པོ་དེ་ཕྱིར་བཏོན། འདི་ནི་ཁོ་ཚོ་མུ་མཐུད་དུ་ཁ་པར་གྱི་ཁྲོམ་རའི་འགྲན་རྩོད་ཁྲོད་ཞུགས་པའི་གོ་སྟབས་ཤིག་ཏུ་གྱུར། མིང་ལ་(Galaxy Z TriFold)ཞེས་པའི་ཁ་པར་གསར་བ་འདི་ནི། རྒྱབ་ཏུ་བརྙན་མིག་ 3 ཡོད་པ་ལ་ཞིང་ཚད་ཧ་ཅང་སྲབ་ཅིང་། ཁ་ཡོངས་སུ་ཕྱེ་ཚེ་གློག་ཀླད་ཆུང་ངུ་ཞིག་གི་ཞིང་ཚད་ལྟ་བུ་ཞིག་ཡོད་པ་མཐོང་ཐུབ། གློག་གསོག་ཚད་སྐར་ཆ་ 30 ནང་བརྒྱ་ཆ་ 50% ཡིན་པ་ལ། རིན་གོང་ཚད་ཨ་སྒོར་ 2,440 ཡས་མས་ཡིན་པ་བཤད།

ཁེ་གཉེར་འདིའི་སྤྱི་ཁྱབ་ཀྱིས། ང་ཚོས་འཛད་སྤྱོད་པ་ཚོའི་རེ་འདོད་སྐོང་ཆེད་གཙོ་བོར་དམིགས་ཡོད་པ་ཞིག་ལས། ཁ་པར་འདིའི་རིགས་ཧ་ཅང་མང་པོ་འཚོང་ཐུབ་ཆེད་དམིགས་མེད་ཅེས་བཤད། དབྱེ་ཞིབ་པ་ཚོས། ཁ་པར་གསར་བ་འདིའི་རིགས་འཚོང་ཐུབ་པར་ཚད་གཞི་ཡོད་པས། འདི་ནི་འཕྲུལ་རིག་གསར་གཏོད་ཀྱི་རྣམ་པ་ཕྱིར་བསྟན་རྒྱུར་གཙོ་བོར་དམིགས་པ་ཞིག་ཡིན་པ་བཤད། རྒྱ་ནག་གི་འཕྲུལ་རིག་ཁེ་གཉེར་དང་བཟོ་གྲྭ་ཧྥ་ཝེ་ཡིས། ལོ་སྔོན་མའི་ཕྱི་ཟླ་ 9 ནང་ཁོ་ཚོའི་ཁ་པར་སུམ་ལྟེབ་རྒྱག་ཐུབ་པ་ཐོག་མ་དེ་ཕྱིར་བཏོན།

ཀུ་ཤུ་ཁེ་གཉེར་གྱིས་ཀྱང་ལོ་རྗེས་མར་ཁོ་ཚོའི་ལྟེབ་ཆོག་པའི་ཁ་པར་(AAPL.O)ཐོག་མ་དེ་ཕྱིར་འདོན་རྒྱུ་ཡིན་པ་ཚོད་དཔག་བྱེད། ལྟེབ་ཆོག་པའི་ཁ་པར་རིགས་ཀྱིས། ད་ལོར་རྒྱལ་སྤྱིའི་ཁྲོམ་རར་བཙོང་བའི་ཁ་པར་གྱི་བརྒྱ་ཆ་ 2% ལས་ཉུང་བ་ལས་ཟིན་མེད་པ་དང་། ཕྱི་ལོ་ 2027 བར་བརྒྱ་ཆ་ 3% མ་ཟིན་ཙམ་ཞིག་བར་དུ་འཕར་རྒྱུ་ཡིན་པ་ཚོད་དཔག་བྱེད། ད་དུང་ཁ་པར་རིགས་འདི་འཕྲུལ་རིགས་གསར་གཏོད་ཀྱི་མགྲན་རྩོད་ཁྲོད་ལྷག་པའི་ཡོ་ཆས་ཤིག་ཡིན་པ་དང་། གོང་ཚད་མཐོ་བ་སོགས་ཀྱི་རྐྱེན་པས། ཁ་པར་འདིའི་རིགས་ཕོན་ཆེན་བཟོ་རྒྱུར་རེ་ཞིག་ཚད་བཀག་ཐེབས་རྒྱུ་ཡིན་པ། དབྱེ་ཞིབ་པ་ཚོས་བཤད།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག