Homeརྒྱལ་སྤྱི།སྦི་སྦི་སི་གསར་ཁང་གི་དབུ་ཁྲིད་ཀྱིས་དགོངས་པ་ཞུས། 

སྦི་སྦི་སི་གསར་ཁང་གི་དབུ་ཁྲིད་ཀྱིས་དགོངས་པ་ཞུས། 

Date:

(སྒྲོ་ནལ་ཁྲི་རམ་ཕུའི་སྐོར་ལ་བཟོས་པའི་བརྙན་ཞིག་དང་འབྲེལ། སྦི་སྦི་སི་གསར་ཁང་གི་དབུ་འཛིན། ཀྲེམ་ སྒྲ་ཝེ་(Tim Davie)དང་། འཛིན་སྐྱོང་དབུ་ཁྲིད་གཉིས་ཀྱིས་ཁ་སང་གཟའ་ཉི་མའི་ཉིན་དགོངས་པ་ཞུས།)

དབྱིན་ཇིའི་སྦི་སྦི་སི་གསར་ཁང་གི་རྩོམ་སྒྲིག་སློབ་སྟོན་པ་ཟུར་བ། མའེ་ཀལ་ ཕི་རེ་སི་ཀོ་ཀྲི་(Michael Prescott)ཡིས་བྲིས་པའི་ནང་ཁུལ་ཡིག་ཆ་ཞིག ཀྲེ་ལེ་གྷི་ར་ཧྥི་གསར་ཤོག་གིས་ཕྱིར་བཀྲམས།ཡིག་ཆ་འདིའི་ནང་དུ་རྩོམ་སྒྲིག་སློབ་སྟོན་པ་ཟུར་བ་འདིས། སྒྲོ་ནལ་ཁྲི་རམ་ཕུའི་སྐོར་ལ་སྦི་སྦི་སི་གསར་ཁང་གིས་བཟོས་པ། དངོས་བྱུང་གློག་བརྙན་ཞིག་གི་ནང་དུ། ཕྱི་ལོ་ 2021 ཟླ་ 1 ཚེས་ 6 ཉིན་སྒྲོ་ནལ་ཁྲི་རམ་ཕུས་སྤེལ་བའི་གཏམ་བཤད་ཅིག་གཅོད་གཏུབ་ཀྱིས། འོས་བསྡུའི་མཇུག་འབྲས་དང་འབྲེལ། ལོ་དེར་བྱུང་བའི་ཨ་རིའི་རྒྱལ་སའི་དྲག་ཟིང་དེ་ནི། སྒྲོ་ནལ་ཁྲི་རམ་ཕུ་རང་གིས་ངན་སྐུལ་བྱས་ནས་བྱུང་བ་ལྟ་བུ་བཟོས་འདུག་པས། ཁོའི་སྐད་ཆ་གཅོད་གཏུབ་ཀྱིས་གནས་ཚུལ་འདི་འདྲ་བཟོས་པ་ནི། སྦི་སྦི་སི་གསར་ཁང་གི་ཚད་གཞི་དང་སྣང་བརྙན་ལ་གནོད་བསྐྱལ་བ། ཕྱོགས་སུ་ལྷུང་བ་ཞིག་ཡིན་ཚུལ་བྲིས་ཡོད་པ་གསལ།

སྦི་སྦི་སི་གསར་ཁང་གིས་བཟོས་པའི་དངོས་བྱུང་གློག་བརྙན་(Trump: A second Chance?)འདི་ནི། ཕྱི་ལོ་ 2024 ཟླ་ 10 ནང་ཕྱིར་བཀྲམས་ཟིན་པ་ཞིག་དང་། དེའི་ནང་དུ་སྒྲོ་ནལ་ཁྲི་རམ་ཕུས་རང་གི་རྒྱབ་སྐྱོར་བ་ཚོར་བཤད་པའི་སྐད་ཆའི་ཆ་ཤས། ང་ཚོ་ཀཱ་པེ་ཀྲོལ་(Capital ཨ་རིའི་རྒྱལ་སའི་ལས་ཁུངས་གཙོ་བོ་དག་ཡོད་ས།)ལ་འགྲོ ང་ཡང་ཁྱེད་ཚོ་མཉམ་དུ་དེར་ཡོང་རྒྱུ་ཡིན། ཞེས་པ་ལྟ་བུའི་ཚིག་གཏུབ་ནས་ཆེད་དུ་བཀོད་ཅིང་། ཞི་བའི་ངང་ངོ་རྒོལ་བྱ་དགོས་ཚུལ་བཤད་པ་སོགས་ཆེད་དུ་མ་བཀོད་པ་བཤད། གནས་ཚུལ་འདི་དང་འབྲེལ་སྦི་སྦི་སི་གསར་ཁང་གི་དབུ་འཛིན། ཀྲེམ་ སྒྲ་ཝེ་(Tim Davie)དང་། འཛིན་སྐྱོང་དབུ་ཁྲིད་གཉིས་ཀྱིས་ཁ་སང་གཟའ་ཉི་མའི་ཉིན་དགོངས་པ་ཞུས། གནས་ཚུལ་འདི་ཧ་ཅང་ཆེན་པོ་གྱུར་ཅིང་། སྙན་གྲགས་ཆེ་ཞིང་ལོ་རྒྱུས་རིང་པའི་གསར་ཁང་འདིར་སྤྱིའི་ཆ་ནས་གནོད་པ་ཆེན་པོ་ཞིག་ཏུ་གྱུར། 

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག