Homeརྒྱལ་སྤྱི།དཀྱིལ་ཤར།ཧེ་ཛི་བྷོ་ལ་དྲག་དཔུང་གི་གཏེ་དཔོན་ཞིག་བསད། 

ཧེ་ཛི་བྷོ་ལ་དྲག་དཔུང་གི་གཏེ་དཔོན་ཞིག་བསད། 

Date:

ཨེ་ཛི་རལ་གྱི་དམག་དཔུང་གིས། ཁ་སང་བྱང་ཕྱོགས་ཁྱིམ་མཚེས་ལེ་བྷ་ནོན་གྱི་རྒྱལ་ས། བྷེ་རུ་ཏི་ལ་མཁའ་ཐོག་ནས་གཏོར་རྒོལ་ཁྲོད། ཧེ་ཛི་བྷོ་ལ་དྲག་དཔུང་གི་གཏེ་དཔོན་གཙོ་བོའི་གྲས། ཨ་ལེ་ཏ་བྷ་ཏ་བྷའེ་(Haytham Ali Tabatabai)ཞེས་པ་བསད།

•. ཨེ་ཛི་རལ་གྱི་དམག་དཔུང་གིས། ཁ་སང་བྱང་ཕྱོགས་ཁྱིམ་མཚེས་ལེ་བྷ་ནོན་གྱི་རྒྱལ་ས། བྷེ་རུ་ཏི་ལ་མཁའ་ཐོག་ནས་གཏོར་རྒོལ་ཁྲོད། ཧེ་ཛི་བྷོ་ལ་དྲག་དཔུང་གི་གཏེ་དཔོན་གཙོ་བོའི་གྲས། ཨ་ལེ་ཏ་བྷ་ཏ་བྷའེ་(Haytham Ali Tabatabai)ཞེས་པ་བསད། འདི་ནི་ཨེ་ཛི་རལ་གྱི་བདེ་སྲུང་བློན་ཆེན་གྱིས་གྲོས་འགོ་བཏོན་པ་ལྟར། སྲིད་བློན་ནེ་ཏན་ཡ་ཧུ་རང་གིས་ཐད་ཀར་བཀའ་རྒྱའི་འོག་བསད་ཡིན་པ་གསལ།

•. ཨེ་ཛི་རལ་ལྟར་ན། མི་འདི་ནི་ཧེ་ཛི་བྷོ་ལ་དྲག་དཔུང་གི་གཏེ་དཔོན་གཙོ་བོ་ཞིག་ཡིན་པ་ལ། མི་འདིའི་བཀོད་འདོམ་འོག་ལེ་བྷ་ནོན་གྱི་ལྷོ་ཕྱོགས་ནས། ཨེ་ཛི་རལ་གྱི་བྱང་ཕྱོགས་ས་ཁུལ་ལ་ཚུར་རྒོལ་བྱས་ཡོད་པ་བཤད། ལོ་སྔོན་མའི་ཕྱི་ཟླ་ 11 ཚེས་ 27 ཉིན་ཨ་རི་དང་ལེ་བྷེ་ནོན་གྱིས་བར་འདུམ་བརྒྱུད། ཨེ་ཛི་རལ་དང་ཧེ་ཛི་བྷོ་ལ་དྲག་དཔུང་བར་མེ་མཚམས་བཞག་ཟིན། ཧེ་ཛི་བྷོ་ལ་དྲག་དཔུང་ཞེས་པ་ནི་ལེ་བྷ་ནོན་གྱི་ཁ་ཆེའི་དྲག་པོའི་དཔུང་སྡེ། ཨེ་རན་གྱི་རྒྱབ་སྐྱོར་འོག་ཡོད་པ་ཞིག་ཡིན་པ་མ་ཟད། ཆབ་སྲིད་ཚོགས་པ་ཞིག་ཀྱང་ཡིན་པས་སྲིད་དོན་གྱི་ཆ་ནས་ཀྱང་ཤུགས་རྐྱེན་ཆེ།

•. ཨེ་ཛི་རལ་གྱི་གཞུང་གིས། རྒྱ་གར་གྱི་མེ་ཛོ་རམ་མངའ་སྡེ་དང་མཱ་ནེ་པུར་མངའ་སྡེར་ཡོད་པ། རྗོའུ་མི་རིགས་གྲངས་ 5,800 ཡས་མས་ཤིག་ཨེ་ཛི་རལ་གྱི་རྒྱལ་ནང་ལ་ལེན་རྒྱུ་ཡིན་པ་ཐག་བཅད། མི་འདི་དག་ཕྱི་ལོ་ 2030 བར་ལེན་ཐུབ་པ་བྱ་རྒྱུ་དང་། རིམ་པ་དང་པོ་དེ་མི་གྲངས་ 1,200 ལེན་རྒྱུ་དང་། དེ་དག་ལོ་རྗེས་མར་ཨེ་ཛི་རལ་དུ་འབྱོར་རྒྱུ་ཡིན་པ་གསལ། མི་འདི་དག་ཨེ་ཛི་རལ་གྱི་བྱང་ཕྱོགས་གྷ་ལེ་ལི་ས་ཁུལ་དུ་གནས་ཆགས་སུ་འཇུག་རྒྱུའི་འཆར་གཞི་ཡོད་པ་གསལ།

•. ཨེ་ཛི་རལ་གཞུང་གིས་ལས་གཞི་འདི་རྒྱ་གར་གཞུང་དང་མཉམ་འབྲེལ་གྱིས་སྤེལ་བཞིན་པ་བསྒྲགས། ཕྱི་ལོ་འགོ་མ་བཙུགས་པའི་སྔོན་དུ་རོ་རན་དང་བྷ་བྷེ་ལོན། དུས་རབས་བར་མའི་སྐབས་སུ་ཨ་རབ་ཁ་ཆེ་ཚོས་ཨེ་ཛི་རལ་ལ་བཙན་འཛུལ་བྱས་རྐྱེན། དུས་རིམ་ཆེན་པོ་ 3 གྱི་རིང་རྗོའུ་མི་རིགས་དག་འཛམ་གླིང་གང་སར་འཐོར་དུ་བཅུག་ཅིང་། འཛམ་གླིང་གི་ས་གནས་འདྲ་མིན་གྱི་མི་རིགས་དང་འདྲེས་པས། གདོང་དབྱིབས་དང་ལུས་ཀྱི་ཆ་ནས་མང་པོ་ཞིག་ནི་རྗོའུ་མི་རིགས་རེད་ཟེར་རྒྱུའང་དཀའ།

•. ཡིན་ན་ཡང་། ཁོ་ཚོས་ཁྱིམ་སྲོལ་དང་ཆོས་ལུགས། གོམས་གཤིས་སོགས་མ་དོར་བའི་སྟེང་། ནམ་ཡང་ཟུར་དུ་འདུག་རྒྱུའི་སྲོལ་ཆེ་བས་མི་རིགས་རྩ་མེད་དུ་མ་ཕྱིན་པ་མ་ཟད། ཨེ་ཛི་རལ་རྒྱལ་ཁབ་བཙུགས་རྗེས་རྗོའུ་མི་རིགས་ས་ཡ་མང་པོ། ཨ་རི་དང་ཡུ་རོབ་སོགས་ནས་ཕྱིར་ཨེ་ཛི་རལ་དུ་སླེབས། ད་ལྟ་ཨེ་ཛི་རལ་གྱི་མི་གྲངས་བརྒྱ་ཆ་ 73% རྗོའུ་མི་རིགས་ཡིན་པ་ལ། ཨ་རབ་ཁ་ཆེའང་ས་ཡ་ 5.5 ཡས་མས་ཡོད་པ་བཤད་པས། རྗོའུ་མི་རིགས་ཀྱི་གྲངས་སྤར་རྒྱུ་ནི། ཨེ་ཛི་རལ་གྱི་རྙིང་ཞེན་ཤོག་ཁག་གི་སྲིད་བྱུས་གཙོ་བོ་ཞིག་ཡིན་པ་གསལ།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག