Homeརྒྱལ་སྤྱི།ཡུ་རོབ།ཧྥ་རན་སིས་རཱ་ཤི་ཡའི་གྲུ་གཟིངས་ཤིག་བཟུང་། 

ཧྥ་རན་སིས་རཱ་ཤི་ཡའི་གྲུ་གཟིངས་ཤིག་བཟུང་། 

Date:

ཁ་སང་ཧྥ་རན་སིའི་མཚོ་སྲུང་དམག་མིས། ཡུ་རོབ་དང་ཨ་ཧྥེ་རི་ཀའི་བར་གྱི་ཡུལ་དབུས་རྒྱ་མཚོའི་ནང་དུ། རྒྱལ་སྤྱིའི་ཁྲོམ་རར་ལྐོག་ནས་རཱ་ཤི་ཡའི་རྡོ་སྣུམ་སྐྱེལ་མཁན་གྱི་གྲུ་གཟིངས། མིང་ལ་གྷི་རེན་ཆི་(Grinch)ཞེས་པ་བཟུང་།

ཁ་སང་ཧྥ་རན་སིའི་མཚོ་སྲུང་དམག་མིས། ཡུ་རོབ་དང་ཨ་ཧྥེ་རི་ཀའི་བར་གྱི་ཡུལ་དབུས་རྒྱ་མཚོའི་ནང་དུ། རྒྱལ་སྤྱིའི་ཁྲོམ་རར་ལྐོག་ནས་རཱ་ཤི་ཡའི་རྡོ་སྣུམ་སྐྱེལ་མཁན་གྱི་གྲུ་གཟིངས། མིང་ལ་གྷི་རེན་ཆི་(Grinch)ཞེས་པ་བཟུང་། ཡུ་ཁུ་རན་གྱི་སྲིད་འཛིན་ཛེ་ལན་སི་ཀེ་ཡིས། འདི་ནི་རཱ་ཤི་ཡའི་དམག་དོན་འགྲོ་གྲོན་གཅོད་པའི་ཐབས་ལམ་ཏག་ཏག་དེ་རེད་ཅེས་བྲིས། ད་ལྟ་གྲུ་གཟིངས་འདིའི་གནས་སྟེང་ཞིབ་ཕྲ་རེ་ཞིག་མི་གསལ།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། དེ་རིང་ཞོགས་པར་མཐུན་ཕྱོགས་ཚོ་དང་མཉམ་འབྲེལ་གྱིས་ཧྥ་རན་སིའི་མཚོ་དམག་གིས། རཱ་ཤི་ཡ་ནས་ཡོང་ཞིང་། རྒྱལ་སྤྱིའི་ཉེས་ཆད་འོག་ཡོད་པ་དོགས་གཞི་ཅན་གྱི་གྲུ་གཟིངས་ཤིག་བཟུང་ཟིན་ཅེས་བྲིས། ད་དུང་ཁོས། ཁྲིམས་དང་འགལ་བའི་ལས་ཀར་ང་ཚོས་བཟོད་པ་སྒོམ་རྒྱུ་མིན། ང་ཚོས་ད་ལྟ་གྲུ་གཟིངས་འདིར་ཞིབ་འཇུག་འགོ་བཙུགས་ཟིན་ཅེས་བསྒྲགས།

འདི་ནི་ཧྥ་རན་སིའི་དམག་དཔུང་གིས། རཱ་ཤི་ཡའི་རྡོ་སྣུམ་སྐྱེལ་མཁན་གྲིབ་གཟུགས་གྲུ་གཟིངས་ཤིག་བཟུང་བ་ཐོག་མ་དེ་གྱུར། ཉེ་དུས་ཨ་རིའི་དམག་དཔུང་གིས། རཱ་ཤི་ཡའི་དར་ཆ་བཙུགས་པའི་རྡོ་སྣུམ་སྐྱེལ་མཁན་གྲུ་གཟིངས་བཟུང་རྗེས། ཡུ་རོབ་ཀྱི་རྒྱལ་ཁབ་ཚོ་བློ་སྟོབས་ཆེ་རུ་ཕྱིན་ཅིང་།དབྱིན་ཇིའི་དམག་དཔུང་གིས་ཀྱང་རཱ་ཤི་ཡའི་གྲུ་གཟིངས་འཛིན་རྒྱུར་བསམ་བློ་གཏོང་བཞིན་པའི་གནས་ཚུལ་ཐོན། དབྱིན་ཇི་གཞུང་གིས། རཱ་ཤི་ཡའི་གྲིབ་གཟུགས་གྲུ་གཟིངས་གྲངས་ 544 ཡི་སྟེང་ཉེས་ཆད་བཀལ་ཟིན།

🔘 ད་ལྟ་སྤྱིར་རྒྱལ་སྤྱིའི་ཁྲོམ་རར་རྡོ་སྣུམ་གྱི་རིན་གོང་འཕར་བཞིན་མེད་པའི་སྟེང་། ཡུ་ཁུ་རན་གྱིས་རཱ་ཤི་ཡའི་རྡོ་སྣུམ་བཟོ་གྲྭ་དང་མཛོད་ཁང་དག་ལ་གཏོར་རྒོལ་ཐེངས་མང་བྱེད་བཞིན་པ། མཚོ་ནག་དང་བྷོལ་ཀྲི་ཁི་མཚོའི་ནང་དུ་འགྲོ་མཁན་གྲུ་གཟིངས་དག་ལའང་བདེ་འཇགས་མེད་པ། དེའི་སྟེང་ཨ་རིའི་ཉེས་ཆད་ལ་འཇིགས་ནས། རཱ་ཤི་ཡའི་རྡོ་སྣུམ་ཉོ་མཁན་ཆེ་ཤོས་རྒྱ་གར་གྱིས་ཀྱང་རཱ་ཤི་ཡའི་རྡོ་སྣུམ་ཉོ་ཚད་སྙུང་བཞིན་པ་དང་།དཀྱིལ་ཤར་གྱི་ཁ་ཆེ་རྒྱལ་ཁབ་དག་ནས་རྡོ་སྣུམ་ཉོ་ཚད་ཡར་སྤར་བཞིན་པས། ཟླ་བ་སྔོན་མའི་ནང་རྒྱ་གར་གྱིས་རཱ་ཤི་ཡའི་རྡོ་སྣུམ་ཉོ་ཚད་དེ།
འདས་པའི་ལོ་ངོ་ 2 རིང་གི་ཚད་གཞི་དམའ་ཤོས་དེ་གྱུར།

གྲིབ་གཟུགས་གྲུ་གཟིངས་ཞེས་པ་ནི། རྒྱལ་ཁབ་གཞན་གྱི་ནང་དུ་ཐོ་འགོད་བྱས་རྗེས། ཉེས་ཆད་འོག་ཚུད་པའི་རྒྱལ་ཁབ་གཞན་གང་རུང་ཞིག་གི་ཚོང་ཟོག་རྒྱ་མཚོའི་སྟེང་ལྐོག་འདྲེན་བྱེད་མཁན་གྱི་གྲུ་གཟིངས་དག་ལ་གོ་ཞིང་།དམག་འཁྲུག་འགོ་བཙུགས་རྗེས་རྡོ་སྣུམ་སྐྱེལ་མཁན་གྱི་རཱ་ཤི་ཡའི་གྲུ་གཟིངས་དག་ནུབ་ཕྱོགས་ཀྱི་ཉེས་ཆད་འོག་ཚུད་པས། རཱ་ཤི་ཡའི་གཞུང་སྒེར་གཉིས་ཀྱིས་གྲིབ་གཟུགས་གྲུ་གཟིངས་མང་པོ་བེད་སྤྱོད་བྱེད་འགོ་བཙུགས། དཔེར་ན། ཧྥ་རན་སིས་བཟུང་ཟིན་པའི་གྲུ་གཟིངས་འདི། ཨ་ཧྥེ་རི་ཀའི་མཚོ་གླིང་རྒྱལ་ཁབ་ཆུང་ངུ། ཀོ་མོ་རོ་སི་(Comoros)ཡི་འོག་ཏུ་ཐོ་འགོད་བྱས་ཡོད་པ་གསལ།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག