Homeརྒྱལ་སྤྱི།ཨ་རིའི་གཞུང་བསྐྱར་དུ་མགྱོགས་པོར་སྒོ་འབྱེད་ཐུབ་སྲིད་པ། 

ཨ་རིའི་གཞུང་བསྐྱར་དུ་མགྱོགས་པོར་སྒོ་འབྱེད་ཐུབ་སྲིད་པ། 

Date:

(ཁ་སང་གཟའ་ཉི་མའི་དགོང་མོར།སྤྱི་མཐུན་ཚོགས་པས་གཞུང་བསྐྱར་དུ་སྒོ་འབྱེད་རྒྱུ་དང་འབྲེལ། ཁྲིམས་འཆར་ཞིག་གྲོས་ཚོགས་སུ་འཁྱེར་ནས་སླེབས།)

ཨ་རིའི་གཞུང་གི་འགྲོ་གྲོན་གཏོང་ཕྱོགས་ཀྱི་སྔོན་རྩིས་གཏན་འབེབས་ཁྲིམས་འཆར་ཞིག་དང་འབྲེལ། སྤྱི་མཐུན་ཚོགས་པ་དང་མང་གཙོ་ཚོགས་པའི་བར་གྲོས་མ་མཐུན་རྐྱེན། ཨ་རིའི་གཞུང་སྒོ་བརྒྱབས་པའམ་གཞུང་གི་ལྷན་ཁང་མང་པོ་སྒོ་བརྒྱབས་ཤིང་། ལས་བྱེད་མང་པོ་གླ་མེད་དང་ལས་མེད་གྱུར་ནས་ཉིན་ 40 འགྲོ་བཞིན་པ་དང་། འདི་ནི་ཨ་རིའི་ལོ་རྒྱུས་ནང་གཞུང་སྒོ་བརྒྱབས་པ་དུས་ཡུན་རིང་ཤོས་དེ་གྱུར། བདུན་ཕྲག་སྔོན་མ་ནས་རྒྱལ་ནང་དུ་འཕུར་མཁན་གྱི་གནམ་གྲུའི་གྲངས་ཀྱང་སྙུང་དགོས་གྱུར་ཅིང་། སི་ཨན་ཨན་གསར་ཤོག་ལྟར་ན་བདུན་ཕྲག་སྔོན་མར་གནམ་གྲུ་ 1,700 ལས་མང་བ་འཕུར་རྒྱུ་ཕྱིར་འཐེན་དགོས་གྱུར་ཟིན་པ་བཤད། ཁ་སང་གཟའ་ཉི་མའི་དགོང་མོར།སྤྱི་མཐུན་ཚོགས་པས་གཞུང་བསྐྱར་དུ་སྒོ་འབྱེད་རྒྱུ་དང་འབྲེལ། ཁྲིམས་འཆར་ཞིག་གྲོས་ཚོགས་སུ་འཁྱེར་ནས་སླེབས།

མང་གཙོ་ཚོགས་པའི་འཐུས་མི་འགས་འདི་ལ་རྒྱབ་སྐྱོར་བྱས་རྐྱེན་ཁྲིམས་འཆར་འདི་འགྲོ་ཐུབ་པར་གྱུར། འདི་ནི་གཞུང་གི་སྒོ་བསྐྱར་དུ་འབྱེད་རྒྱུའི་ལས་ཀའི་རིམ་པ་དང་པོ་དེ་ཡིན་པ་དང་། འདིའི་རྗེས་སུ་བརྒྱུད་རིམ་གལ་ཆེན་འགའ་བརྒྱུད་དགོས་པ་དང་། ལྷག་པར་དུ་གྲོས་ཚོགས་འོག་མ་ནས་ཀྱང་ཁྲིམས་འཆར་འདི་འགྲོ་ཐུབ་དགོས་པ་དེ་ཡིན། ཡིན་ན་ཡང་། ཐེངས་འདིའི་འོས་བསྡུ་འདི་ནི་ཧ་ཅང་གལ་ཆེན་ཞིག་ལ་ངོས་འཛིན། ཁྲིམས་འཆར་འདི་འགྲོ་ཐུབ་པར་གྲོས་ཚོགས་གོང་མའི་འཐུས་མི་ 100 ནས་ 60 ཡི་རྒྱབ་སྐྱོར་ཐོབ་དགོས་པ་ལ། སྤྱི་མཐུན་ཚོགས་པས་རྐུབ་སྟེགས་ 53 དང་། མང་གཙོ་ཚོགས་པས་རྐུབ་སྟེགས་གྲངས་ 47 བཟུང་ཡོད་པ་གསལ། ཁོ་ཚོ་མི་མཐུན་ས་གཙོ་བོ་ནི་འཕྲོད་བསྟེན་ལྟ་སྐྱོང་དང་འབྲེལ་བའི་འགྲོ་གྲོན་གཏོང་ཕྱོགས་ཐད་གྱུར།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག