Homeརྒྱལ་སྤྱི།བྱང་ཨ་རི། ཨ་རིས་ཁེ་ན་ཀྲར་ཉེན་བརྡ།

ཨ་རིས་ཁེ་ན་ཀྲར་ཉེན་བརྡ།

Date:

ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས། གལ་སྲིད་ཁེ་ན་ཀྲས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མཐུན་བཞག་ཚེ། ཨ་རིའི་རྒྱལ་ནང་དུ་ཡོང་བཞིན་པའི་ཁེ་ན་ཀྲའི་ཚོང་ཟོག་སྟེང་སྒོ་ཁྲལ་བརྒྱ་ཆ་ 100% དགལ་རྒྱུ་ཡིན་པ་བསྒྲགས།

ཉེ་དུས་སླར་ཡང་ཨ་རི་དང་ཁེ་ན་ཀྲའི་བར་ཕྱི་འབྲེལ་སྡུག་ཏུ་ཕྱིན་ཟིན་པ་ལྟར། ད་ལྟ་ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས། གལ་སྲིད་སྤྱི་ཁྱབ་(བརྙས་ཚིག)ཀར་ནེ་ཡིས། ཁེ་ན་ཀྲ་དེ་རྒྱ་ནག་གིས་ཨ་རིའི་རྒྱལ་ནང་དུ་ཐོན་ཟོག་བླུག་སའི་གྲུ་ཁ་ཞིག་ཏུ་བསྒྱུར་འདོད་ན། ཁོ་རྩ་བ་ནས་ནོར་སོང་བ་རེད། རྒྱ་ནག་གིས་ཁེ་ན་ཀྲ་གསོན་པོར་ཟ་རྒྱུ་རེད། རྒྱ་ནག་གིས་ཁེ་ན་ཀྲའི་ཚོང་ལས་དང་སྤྱི་ཚོགས་རིན་ཐང་། འཚོ་བ་སྐྱེལ་སྟངས་སོགས་ཚུད་ཚང་མ་ཡོངས་སུ་འཁྱུར་མིད་གཏོང་ངེས་ཡིན་ཞེས་བྲིས།

ད་དུང་ཁོས། གལ་སྲིད་ཁེ་ན་ཀྲས་རྒྱ་ནག་དང་ལྷན་ཚོང་ལས་གྲོས་མཐུན་བཞག་ཚེ། ཨ་རིའི་རྒྱལ་ནང་དུ་ཡོང་བཞིན་པའི་ཁེ་ན་ཀྲའི་ཚོང་ཟོག་ཚང་མའི་སྟེང་། སྒོ་ཁྲལ་བརྒྱ་ཆ་ 100% དེ་མ་ཐག་དགལ་རྒྱུ་ཡིན་ཞེས་བྲིས། ཉེ་དུས་ཁེ་ན་ཀྲའི་སྲིད་བློན་རྒྱ་ནག་ཏུ་ཕྱིན་ཅིང་། རྒྱལ་ཁབ་གཉིས་བར་ཚོང་འབྲེལ་གྲོས་མོལ་དང་། ཕན་ཚུན་གྱི་ཚོང་ཟོག་སྟེང་ནས་སྒོ་ཁྲལ་སྙུང་རེས་བྱས། སྐབས་དེར་སྒྲོ་ནལ་ཁྲི་རམ་ཕུས། འདིའི་ཐད་ང་ལ་ཁྱད་གང་ཡང་མེད། རྒྱ་ནག་མཉམ་དུ་ཚོང་རྒྱག་ཐུབ་ན་རྒྱག་དགོས་པ་རེད་ཅེས་བཤད།

ཡིན་ན་ཡང་། བདུན་ཕྲག་འདིར་ཁེ་ན་ཀྲའི་སྲིད་བློན་གྱིས་སུད་སིར་གཏམ་བཤད་ཤུགས་ཆེན་ཞིག་བྱས་ཤིང་། ཁོས་རྒྱལ་སྤྱིའི་སྒྲོམ་གཞི་རྙིང་པ་མཇུག་བསྡུས་ཟིན་པའི་འོག ད་ལྟ་སྟོབས་ཤུགས་ཆེ་ཆུང་ཁོ་ན་བེད་སྤྱོད་བྱེད་བཞིན་པའི་ཁྲོད། སྟོབས་ཤུགས་འབྲིང་ཅན་དག་གིས་མཐུན་སྒྲིལ་བྱ་དགོས་པ་བསྒྲགས་ཤིང་། སྐད་ཆ་འདིས་སྒྲོ་ནལ་ཁྲི་རམ་ཕུ་ལ་ཁོང་ཁྲོ་བསླངས། ཁེ་ན་ཀྲ་དང་ཨ་རི་གཉིས་ཕན་ཚུན་གྱི་ཚོང་གྲོགས་ཆེ་ཤོས་ཡིན་པ་ལ། ཁེ་ན་ཀྲའི་ཚོང་ཟོག་བརྒྱ་ཆ་ 75% ཡས་མས་ཨ་རིར་འགྲོ་བཞིན་པ་གསལ།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག